分享按钮

ལྕགས་ལམ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལྕགས་ལམ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་སྔར་བས་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་མ་ཚོའི་ལྕགས་ལམ་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། གུང་གཞོན་སྡེ་ཚོགས་མཚོ་བོད་ཚོགས་པ་ཀུང་སི་ལྷ་ས་བདེ་འཇགས་ལྟ་སྐུལ་རུ་ཆེན་ཨུ་ཡོན་ལྷན་ཁང་དང་གུང་གཞོན་སྡེ་ཚོགས་མཚོ་བོད་ཚོགས་པ་ཀུང་སི་ལྷ་ས་མེ་འཁོར་འབབ་ཚུགས་ཨུ་ཡོན་ལྷན་ཁང་གིས་ལྕགས་ལམ་གྱི་ཤེས་བྱ་རྟོགས་པ་དང་། ལྕགས་ལམ་ལ་དགའ་བ། ལྕགས་ལམ་ལ་སྲུང་སྐྱོང་བཅས་བྱས་ནས་ལྕགས་ལམ་གྱི་བདེ་འཇགས་མཉམ་དུ་གཏོད་ཅེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ཀྱི་ལྕགས་ལམ་ལ་མི་དམངས་ཀྱིས་སྲུང་སྐྱོང་བྱེད་ཅེས་པའི་ཞབས་ཞུའི་དམིགས་ཡུལ་ལག་ལེན་ཏན་ཏིག་བསྟར་བ་རེད། སློབ་གྲྭའི་ནང་སྐྱོད་སྐབས། དང་བླངས་པས་བྱམས་བརྩེ་ལྡན་པའི་ངང་ལྕགས་ལམ་བདེ་འཇགས་ཀྱི་འཆད་ཁྲིད་དགེ་རྒན་གྱི་རྣམ་པའི་ཐོག་ནས་བརྙན་ལམ་འགུལ་རིས་དང་། སྤྲོ་སྣང་མཉམ་འགུལ། སྐད་གཉིས་འགྲེལ་བཤད་བཅས་ཀྱི་བྱ་ཐབས་བརྒྱུད་ནས་སློབ་གྲོགས་ཚོར་གསོན་ཉམས་དོད་པའི་ལྕགས་ལམ་བདེ་འཇགས་ཀྱི་ཤེས་བྱ་ཕྲན་བུ་བརྒྱུད་སྤྲོད་བྱས་ཡོད། བྱེད་སྒོའི་ཁྲོད། དང་བླངས་པས་གོ་བདེ་བའི་སྐད་ཆའི་ཐོག་ནས་ལྕགས་ལམ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་འགྲེལ་བཤད་བྱས་པར་མ་ཟད། ད་དུང་མཉམ་འགུལ་རོལ་རྩེད་དང་བརྙན་ལམ་འགྲེམས་སྟོན་བྱས་པ་བརྒྱུད། ཕྲུ་གུ་ཚོར་བག་ཕེབས་དང་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ནས་རྩ་ཆེའི་ལྕགས་ལམ་བདེ་འཇགས་ཀྱི་རྒྱུན་ཤེས་སློབ་སྦྱོང་བྱེད་དུ་བཅུག་པ་རེད། དེ་རྗེས། བྱ་དགའ་སྤྲོད་པའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་སུ། སློབ་གྲོགས་ཚོས་དང་བླངས་པས་བཏོན་པའི་བདེ་འཇགས་ཀྱི་ཤེས་བྱར་ལན་བཏབ་པ་དང་། ལན་ཡང་དག་པ་བཏབ་པའི་སློབ་གྲོགས་ཚང་མར་དང་བླངས་པས་སྤྲད་པའི་དྲན་རྟེན་སྤུས་ལེགས་སྤྲད་ཡོད། ཚང་མས་བཤད་དོན། ལྕགས་ལམ་བདེ་འཇགས་ཀྱི་སྲུང་སྐྱོང་པ་ཆུང་ཆུང་ཞིག་ཏུ་གྱུར་ནས་ལྕགས་ལམ་བདེ་འཇགས་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེཊ་སྐྱེས་འབུལ་འདོད་ཡོད། ཐེངས་འདིའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ཁྲོད། འབྲེལ་ཡོད་དྲིལ་བསྒྲགས་ཡོ་བྱད་ཁག་500ལྷག་ཙམ་སྤྲད་པ་དེ་སློབ་མ་140ལ་ཁྱབ་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ལྕགས་ལམ་བདེ་འཇགས་ཀྱི་འདུ་ཤེས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། ཐེངས་འདིའི་བྱེད་སྒོ་བརྒྱུད། སློབ་མ་ཚོས་ལྕགས་ལམ་བདེ་འཇགས་ཀྱི་ཤེས་བྱ་ཤེས་རྟོགས་བྱུང་བར་མ་ཟད། ད་དུང་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་ནུས་པའང་ཆེ་རུ་ཕྱིན་ཡོད། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས) པར་འདི་ནི་བྱིས་པ་རྣམས་ཀྱིས་བག་ཕེབས་དང་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ནས་ལྕགས་ལམ་བདེ་འཇགས་ཀྱི་རྒྱུན་ཤེས་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197860.html 1 ལྕགས་ལམ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->