(པར་ངོས་གསུམ་པར་མཐུད)བློ་གྲོས་དང་སྟོབས་ཤུགས་ཚོགས་འདུའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྒྲིལ་བྱས་ཏེ།ཚོགས་འདུའི་དགོངས་དོན་ལ་བརྟེན་ནས་ལག་ལེན་དངོས་ལ་མཛུབ་ཁྲིད་བྱེད་པ་དང་། སྤྲོ་སེམས་སྔར་བས་འཕེལ་བ་དང་། བློ་སེམས་ཆེར་སྐྱེད་ཀྱི་སྙིང་སྟོབས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལས་དོན་ཁག་གི་ནང་ཞུགས་ཐོག་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཞི་ཝུན་པོས།མ་འོངས་པའི་ལོ་ལྔའི་ནང་ང་ཚོས་ཕྱོགས་བཞིའི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག་ནས་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་རྒྱའི་མ་ལག་བཙུགས་ནས་གྲོང་ཁྱེར་སྐོར་བའི་མྱུར་བགྲོད་གཞུང་ལམ་དང་G561ལྷུན་གྲུབ་ནས་ཁྲེང་ཀོན་བར་གྱི་ཕུག་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་གྲོང་ཁྱེར་གྱི་མ་ལམ་འཐུས་ཚང་དུ་བཏང་སྟེ། གཙང་འགྲམ་ལམ་ཤར་དུ་རྒྱ་སྐྱེད་དང་། ནུབ་ཏུ་སྲིང་བ། ལྷོ་རུ་རྒྱ་སྐྱེད་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ། གསུམ་ནས་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ།རྔ་ཆེན་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་རྣམ་གྲངས་ཁག་ཅིག་འཛུགས་སྐྲུན་བྱ་རྒྱུ། བཞི་ནས་གྲོང་གསེབ་ས་ཁུལ་གྱི་འགྲིམ་འགྲུལ་ལ་འགན་སྲུང་ལེགས་པོ་བྱས་ཏེ། རང་བྱུང་གྲོང་ཚོའི་ཚོགས་ཆུང་ཁག་ཅིག་ལ་ལམ་ཤར་གཏོང་ཐུབ་པའི་ལས་གཞི་འཛུགས་སྐྲུན་བྱས་ཏེ། ད་ཡོད་ཀྱི་གྲོང་གསེབ་གཞུང་ལམ་གྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་ལས་གཞི་ཁྱོན་ཡོངས་ནས་འགོ་འཛུགས་རྒྱུ་ཡིན་ཞེས་བཤད།
རིག་གནས་བློ་གསར་གླིང་དོ་དམ་ཨུ་ལྷན་གྱི་རིམ་པ་དང་པོའི་བརྟག་ཞིབ་པ་ཡོན་ཏན་ཚེ་རིང་གིས།རིག་གནས་བློ་གསར་གླིང་དོ་དམ་ཨུ་ལྷན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་དང་། གླིང་ཁུལ་གྱི་ནུས་པའི་གནས་གཏན་འཁེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། ལྷག་པར་དུ་གནས་སྤོས་མང་ཚོགས་ཀྱི་ལས་གནས་བརྟན་པོ་དང་ལས་ཞུགས་མུ་མཐུད་ལེགས་པར་བསྒྲུབས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཞོན་གྱིས། ང་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ།ལྷ་སའི་དམིགས་བསལ་གྱི་གནས་བབ་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་།འཛད་སྤྱོད་ལ་སྐུལ་འདེད་དང་། ཚོང་དོན་འཁོར་རྒྱུག ཕྱི་ཕྱོགས་ཚོང་དོན་རིམ་སྤོར་བཅས་ལ་གཙོ་གནད་ཐོག་དམིགས་ནས་གནད་ལ་འཁེལ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ། བྱ་སྤྱོད་དངོས་ལ་བརྟེན་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཕྱིས་འབྱུང་།རང་གྲོང་གི་རྫོང(ཆུས)ཁག་དང་ཚན་པ་ཁག་གི་ལས་བྱེད་པ་དང་ལས་བཟོ་བས་སྤྲོ་སེམས་སྔར་ལས་འཕེལ་བ་དང་། བློ་སེམས་ཆེར་སྐྱེད་ཀྱི་སྙིང་སྟོབས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ལས་གནས་ལ་གཞི་ཚུགས་པ་དང་། གསར་གཏོད་དངོས་སྒྲུབ། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། ངར་སེམས་ཆེར་སྐྱེད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་ཧུར་ཐག་རྩོམ་རྒྱུ་ཡིན་པ་རེད།(སྟོབས་རྒྱལ་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社