分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཀྱི་ཐད་གཏོང་ལ་མཉམ་དུ་གསན་གཟིགས་གནང་བ།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཀྱི་ཐད་གཏོང་ལ་མཉམ་དུ་གསན་གཟིགས་གནང་བ།

(པར་ངོས་དང་པོར་མཐུད)འདི་ལོའི་ལས་ཀའི་གཙོ་གནད་འབུར་དུ་ཐོན་པར་བཀོད་སྒྲིག་བཅས་གནང་ཡོད་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལས་ཀའི་ཁྲོད་ལག་བསྟར་ཏན་ཏིག་བྱ་རྒྱུའི་ངོས་འཛིན་གཅིག་ཏུ་བྱུང་ཡོད།

ཚང་མས།རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལྟར། “རྩ་དོན་ལྔ”མཐའ་འཁྱོངས་དང་། “འཐབ་ཇུས་ཆེན་པོ་བཞི”ལག་བསྟར། “ལས་དོན་ལྔ”ལ་དམ་འཛིན། “བྱ་སྤྱོད་ཆེན་པོ་བརྒྱད”ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དང་།སྤྲོ་སེམས་སྔར་ལས་འཕེལ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་ཆེ་བ། དངོས་གཉེར་གྱི་སྤྱོད་ཚུལ་སྔར་ལས་བཟང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་རྩོམ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-07 6 6 拉萨日报藏文 c197557.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཀྱི་ཐད་གཏོང་ལ་མཉམ་དུ་གསན་གཟིགས་གནང་བ། /enpproperty-->