(པར་ངོས་དང་པོར་མཐུད)ཏང་གི་འགོ་ཁྲིད་སྲིད་གཞུང་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་ཡོད་པ་སྟེ། གཅིག་ནི་ཡུལ་དུས་དང་བསྟུན་ཏེ་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས། དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། གཉིས་ནི་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས། གོང་འཕེལ་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་བ། གསུམ་ནི་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གོང་འཕེལ་འགྲོ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས། དཔལ་འབྱོར་གྱི་བཀོད་པ་ལེགས་སུ་བཏང་བ། ལྔ་ནི་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་ནས། དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་བ། དྲུག་ནི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། སྦཊ་མེད་དང་ཐཱན་ཉུང་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་བཏང་བ། བདུན་ནི་སྲིད་གཞུང་འཛུཊ་སྐྱོང་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོཊ་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད་ཅེས་བསྟན་པ་རེད།
ལི་ཆང་གིས་སྙན་སྒྲོན་ནང་། གྲུབ་འབྲས་ལ་གདེང་འཇོག་བྱས་པ་དང་ཆབས་ཅིག ང་ཚོས་འཕྲད་པའི་གནད་དོན་དང་འགྲན་རྩོད་ཀྱང་གསལ་པོར་མཐོང་ཐུབ་དགོས། ང་ཚོས་དཀའ་ངལ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པར་མ་ཟད། གོང་འཕེལ་གཏོང་བའི་སེམས་ཤུགས་དེ་བས་བརྟན་དུ་གཏོང་དགོས་ཞེས་བསྟན་པ་རེད།
ལི་ཆང་གིས་སྙན་སྒྲོན་ནང་། ད་ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོ་རེད། ད་ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ་5ཡས་མས་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་གྱི་ཚད་དེ་བརྒྱ་ཆ་5.5ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་བྱེ་བ་གཅིག་དང་ས་ཡ་གཉིས་ཡན་ཟིན་པར་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ་2ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དེ་གོམ་པ་མཉམ་བགྲོད་ཡོང་བར་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཆིག་ཁྲི་བཞི་སྟོང་ཡས་མས་ཟིན་པར་བྱ་རྒྱུ། ཚན་པའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དེ་བརྒྱ་ཆ་3ཡས་མས་ཉུང་དུ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་འགྲོ་བར་བྱ་རྒྱུ་བཅས་ཡིན་ཞེས་བསྟན་པ་རེད།
ལི་ཆང་གིས་སྙན་སྒྲོན་ནང་། ད་ལོའི་དམིགས་འབེན་ལས་འགན་ལེགས་པར་སྒྲུབ་པར། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་མཐོའི་གོང་འཕེལ་གྱི་ལས་འགན་གལ་ཆེ་ཤོས་འདིར་དམ་འཛིན་བྱེད་པ། སྤུས་ཚད་ཀྱི་ཐོག་ནས་རྒྱལ་ཁ་ལེན་པ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་སྤེལ་བྱེད་པ་གཉིས་ཕན་ཚུན་ཟུང་འབྲེལ་ཡག་པོ་བྱེད་པ། སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་བ་དང་འབོར་ཚད་ཐད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།
ལི་ཆང་གིས་སྙན་སྒྲོན་ནང་། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་འགན་ཧ་ཅང་ལྗིད་པོ་ཡོད། ང་ཚོས་གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་གནད་འགག་ཁོང་དུ་ཆུད་པར་བྱས་ནས། གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་པ་སྟེ། འཛད་སྤྱོད་ལ་སྐུལ་སྤེལ་བྱེད་ཤུགས་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་ནས། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་བཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཚན་རིག་དང་སློབ་གསོའི་ཐོག་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱ་ཐབས་མགྱོགས་མྱུར་ངང་ལག་ལེན་བསྟར་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས། ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་འཇོག་བརྟན་པོ་ཡོང་བར་བྱེད་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཚམས་ཐིག་བརྟན་སྲུང་བྱེད་པ། ཞིང་གསུམ་གྱི་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས། གོང་འཕེལ་ཀྱི་བར་ཁམས་གྲུབ་ཚུལ་སྔར་བས་ལེགས་སུ་གཏོང་བ། ཐཱན་ཉུང་གཏོང་དང་།སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད།དཔལ་འབྱོར་འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ཕྱོགས་ཡོངས་ནས་ལྗང་མདོག་གི་ཕྱོགས་སུ་མགྱོགས་མྱུར་འགྱུར་བར་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུཊ་ཆེ་རུ་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཡིན་ཞེས་བསྟན་པ་རེད།
སྙན་སྒྲོན་ནང་། ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་དང་ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གོང་འཕེལ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་རྒྱས་བཤད་གནང་ཡོད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་།2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།དེ་བཞིན་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་སྐོར་ལ་གསལ་བཤད་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་དག་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། འཐུས་མིའི་བཅའ་ཁྲིམས་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འཐུས་མིའི་འགན་དབང་སྤྱོད་པ་དང་འཐུས་མིའི་འོས་འགན་སྒྲུབ་པ། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社