分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཀྱི་ཐད་གཏོང་ལ་མཉམ་དུ་གསན་གཟིགས་གནང་བ།

ཤའོ་ཡིའུ་ཚའེ་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་5ཉིན་གྱི་སྔ་དྲོར།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འགོ་ཚུགས་ཤིང་།གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་ལ་མཉམ་དུ་གསན་གཟིགས་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་། ལི་ཅང་ཤིན། དགྲ་འདུལ།ཀྲང་ཏིང་ཁྲེང་། ལིན་ཡུང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། མ་ཝུན་ཆིང་བཅས་དང་དེ་བཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ས་གནས་རིམ་པའི་འགོ་ཁྲིད་བློ་མཐུན་ཞུགས་ཡོད། ཀྲའོ་ཧུའེ་ཉན་དང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས་བཅས་དང་ས་གནས་རིམ་པའི་འགོ་ཁྲིད་ཁག་ཅིག་གིས་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་། འགན་ལེན་རྫོང(ཆུས)དང་བྱེད་ནུས་གླིང་ཁུལ་བཅས་སུ་ཐད་གཏོང་ལ་མཉམ་དུ་གསན་གཟིཊ་གནང་ཡོད།

ཐད་གཏོང་བྱེད་རིང་།ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ནན་ཏན་ངང་ཉན་པ་དང་། ཟིན་ཐོ་ཞིབ་ཕྲ་བཀོད་པ། གོ་བ་གཏིང་ཟབ་བླངས་པ་བཅས་ཀྱི་ཐོག་ནས། སྲིད་བློན་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡོངས་སུ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། ན་ནིང་གི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་།གནས་པའི་གནད་དོན་ལ་དབྱེ་ཞིབ་གནང་ནས་བདེན་དོན་འཚོལ་བ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-07 ཤའོ་ཡིའུ་ཚའེ་ཞུགས་པ། 6 6 拉萨日报藏文 c197548.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཀྱི་ཐད་གཏོང་ལ་མཉམ་དུ་གསན་གཟིགས་གནང་བ། /enpproperty-->