分享按钮

ཐོན་པ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)མི་དམངས་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་མཉམ་འདྲེས་བྱ་ཡུལ་དག་གནད་སྨིན་སྟངས་འཛིན་བྱས་ནས་ཐོན་པའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་བཙུགས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། རྒྱ་ཆེའི་ཏང་ཡོན་ཚོས་ཁྲིམས་ལྟར་འདུམ་འགྲིག་བྱེད་པ་དང་། བཅའ་ཁྲིམས་སློབ་སྦྱོང་དང་བཀོལ་སྤྱོད། ཁྲིམས་ལུགས་གྲོང་གསེབ་ཏུ་ཁྱབ་སྤེལ་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་སྔོན་ལ་གཞི་རིམ་གྱི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་སྲོག་ཤིང་གི་སྟོབས་ཤུགས་སུ་འགྱུར་བར་ནུས་པ་ཐོན་ཡོད།

ཐོན་པ་གྲོང་རྡལ་གྱི་བདེ་འཇགས་ཁྲིམས་སྐྱོང་ལས་དོན་པ་ལིའུ་ཅེས་ཏང་འཛུགས་སྐྱོང་གིས་ང་ཚོའི་ལས་དོན་ལ་སྣེ་ཁྲིད་བྱས་ཏེ་སྒུལ་ཤུགས་གསར་པ་བསྣན་པས་ཚང་མའི་ངར་ཤུགས་སྔར་བས་འཕེལ་བ་དང་དམིགས་ཚད་ཀྱང་སྔར་བས་ཁ་གསལ་དུ་ཕྱིན་ཡོད་ཅེས་བཤད།

ཁྲིམས་སྐྱོང་དྲིལ་བསྒྲགས་ཐད། ཐོན་པ་གྲོང་རྡལ་གྱིས་སུས་ཁྲིམས་འཛིན་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ། སྲིད་གཞུང་གིས་ལག་བསྟར། ཚན་པ་ཁག་གིས་མཉམ་འཛིན་སྤྱི་སྒྲུབ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། དེ་དང་ཆབས་ཅིག་ཐོན་པ་གྲོང་རྡལ་གྱིས་ད་དུང་འཕྲིན་ཕྲན་སྤྱི་སྟེགས་དང་། གྲོགས་ཚོགས། དྲ་ཐོག་ནས་འདུམ་འགྲིག་བྱེད་ཅེས་པའི་འཕྲིན་ཕྲན་གྱི་གོ་རིམ་ཆུང་གྲས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གླེང་མང་བའི་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་སྒོ་རྩར་ཐེངས་15བསྐྱོད་པ་དང་། གཅིག་སྡུད་སྒྲོག་འགྲེལ་ཐེངས་10བྱས་པ། བཅའ་ཁྲིམས་ཤེས་བྱ་བརྒྱུད་སྤེལ་དང་འོས་སྦྱོར་ཐེངས་30བཅས་བྱས་ཏེ་ཐོན་པ་གྲོང་རྡལ་དུ་ཁྲིམས་སྦྱོང་གི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད་པ་རེད།

ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོའི་གྲོང་མི་ངག་དབང་གིས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་མང་པོ་བྱས་པས་ང་ཚོས་བཅའ་ཁྲིམས་ཤེས་ཚད་མང་དུ་ཕྱིན་པར་མ་ཟད། ལས་ཀ་གང་བྱས་ཀྱང་ཁྲིམས་ལུགས་ཤེས་པས་བློ་ཡང་བདེ་རུ་ཕྱིན་སོང་ཞེས་བཤད།

ཉེན་ཁ་སེལ་བའི་ཐད། ཐོན་པ་གྲོང་རྡལ་གྱིས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གི་ལས་ཀའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྱིམ་ཚང་དུ་བསྐྱོད་དེ་བཅར་འདྲི་དང་། བསམ་འཆར་བསྡུ་ལེན། དྲ་ཐོག་ནས་བློ་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་འདུམ་འགྲིག་བྱེད་ཀྱི་ཡོད། འདུམ་འགྲིག་རུ་ཁག་གསུམ་བཙུགས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་རིགས་དབྱེའི་ཆེད་ལས་དང་འདུམ་འགྲིག་གི་རྣམ་པ་མངོན་འགྱུར་བྱུང་ཡོད། དྲ་ཐོག་ནས་འདུམ་འགྲིག་བྱེད་ཅེས་པའི་འཕྲིན་ཕྲན་གྱི་གོ་རིམ་ཆུང་གྲས་གསར་སྤེལ་བྱས་ཏེ་མངགས་ཐོའི་རྣམ་པའི་ཐོག་ནས་འདུམ་འགྲིག་དང་། བློ་འདྲིའི་ཞབས་ཞུ་བསྒྲུབས་ནས་འགལ་བ་གོང་རིམ་ལ་ཞུ་མི་དགོས་པ་དང་། བདེ་འཁོད་ཐོག་གནས་ཚུལ་མི་ཐོན་པ། ཞབས་ཞུ་མི་འཕྱུགས་པ་བཅས་ཀྱི་འགན་ལེན་བྱས་ཡོད། མིག་སྔའི་བར་ཐོན་པ་གྲོང་རྡལ་གྱིས་འགལ་ཟླ་དང་རྩོད་གཞི་50ལྷག་ཙམ་འདུམ་འགྲིག་བྱས་པ་དང་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་བརྒྱ་ཆ་100ཟིན་ཡོད།

ཐོན་པ་གྲོང་རྡལ་ཁྲིམས་འཛིན་སུའོ་ཡི་ཆེད་བསྐོས་འདུམ་འགྲིག་པ་ཡོན་ཏན་ནོར་བུས་ང་ཚོའི་ལས་དོན་ནི་འགལ་བ་དུས་ཐོག་ཏུ་སེལ་རྒྱུ་དེ་ཡིན། ཚང་མས་ཞི་མཐུན་ངང་ལག་གདང་སྦྲེལ་ནས་ལས་དོན་མཐའ་དག་ལ་འབད་བརྩོན་བྱས་པ་དེ་བྱེད་རིན་ཡོད་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད།

བཅའ་ཁྲིམས་ཞབས་ཞུའི་ཐད། ཐོན་པ་གྲོང་རྡལ་གྱིས་གྲོང་ཚོའི(གྲོང་ལྷན)བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱས་ཏེ་གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་བ་རེ་ཡོད་པ་དེ་གྲོང་ཚོ་ཡོངས་ལ་ཁྱབ་ཅིང་། གཅིག་འཐུས་རྣམ་པའི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་བཙུགས་པ། ལུགས་མཐུན་ངང་ཞབས་ཞུའི་སྐར་ཁུང་མང་པོ་བཀོད་སྒྲིག་བྱས་པ། མི་དམངས་ཉེན་རྟོག་པ་དང་། ཁྲིམས་འཛིན་པ། དུས་བདེའི་ཁྲིམས་སྐྱོང་གཞུང་དོན་ཁང་བཅས་ཡུན་རིང་བཅའ་སྡོད་བྱ་ཡུལ་བཀོད་སྒྲིག་བྱས་ཡོད་པ་དང་། ཞིབ་དཔྱོད་དཔོན་དང་ཁྲིམས་རྩོད་པ་དུས་བཀག་ལྟར་བཅའ་སྡོད་བྱེད་ཀྱི་ཡོད་ལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཞིང་འབྲོག་ཅུས། སྨན་བཅོས་འགན་བཅོལ་ཚན་པ་སོགས་ག་དུས་བོས་ཀྱང་འཕྲལ་དུ་འབྱོར་བར་བྱེད་ཀྱི་ཡོད་པས། མང་ཚོགས་ཀྱིས་མང་ཤོས་ལ་རེ་ཞུ་ཐེངས་གཅིག་ལས་བྱེད་མི་དགོས་པ་བྱས་ནས་གཅིག་འཐུས་རྣམ་པའི་སྣེ་ལེན་དང་། སྡེབ་གཅིག་ཏུ་འདུམ་འགྲིག མགོ་མཇུག་གཙང་སྒྲིལ་བཅས་ཀྱི་རྣམ་པ་མངོན་འགྱུར་བྱུང་ཡོད།

ཐོན་པ་གྲོང་རྡལ་དགེ་འཕེལ་གྲོང་ཚོའི་ཡུལ་མི་ཨ་ནུའུ་ཡིས་དེ་སྔ་དོན་དག་བསྒྲུབ་པར་ས་ཆ་ཁ་ཤས་ལ་འགྲོ་དགོས་ཀྱི་ཡོད་མོད། ད་ཆ་འདུམ་འགྲིག་ལྟེ་གནས་སུ་འགྲོ་ཐེངས་གཅིག་ལ་གནད་དོན་ཚང་མ་ཐག་གཅོད་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

ཁྲིམས་སྐྱོང་གི་ལམ་བུའི་ཐད། ཐོན་པ་གྲོང་རྡལ་གྱིས་གོམ་སྟབས་བརྟན་པོ་སྤོས་པ་དང་འབྲེལ་འགོ་འཛུགས་ས་གསར་པའི་ཐོག་ནས་སྤྲོ་སེམས་དང་དཔའ་ངར་ཆེན་པོས་འགྲན་སློང་གསར་པ་བསུས་ཡོད། གཞི་རིམ་བཅོས་སྐྱོང་ཐད་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ནས་བཅོས་སྐྱོང་གི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་བྱེད་པ། གནས་ཐང་འཕར་བ་དང་ཕན་འབྲས་ཆེ་རུ་གཏོང་བ། འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་འབྱུང་ཁམས་གཉིས་ཀར་ཕན་པའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

ཐོན་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་ཚེ་བརྟན་དབྱངས་སྐྱིད་ཀྱིས་སྔོན་ཆད་ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ལ་དམ་འཛིན་དང་། བཅོས་སྐྱོང་ལ་ཤུགས་སྣོན། མཐུན་སྒྲིལ་ལ་སྐུལ་འདེད་བཅས་བྱས་ནས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་བ་དང་། ཐོན་ཁུངས་ལ་གཞི་ཚུགས་ནས་གཟིམ་སྤོས་དང་འབྱུང་ཁམས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་བཏང་བས་དཔལ་འབྱོར་འཕར་སྣོན་ཡོང་བར་རོགས་རམ་བྱས་ཡོད། ཕྱིས་འབྱུང་ཐོན་པ་གྲོང་རྡལ་གྱིས་ཐེངས་འདིར་བྱ་དགའ་ཐོབ་པ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་གསར་གཏོད་ཀྱིས་ཕན་ནུས་ཆེ་རུ་གཏོང་རྒྱུ་ཡིན་ལ། ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་མཐུད་ཀྱི་གནས་ཐང་འཕར་བར་བྱ་རྒྱུ་དང་། འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་འབྱུང་ཁམས་གཉིས་ཀར་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-02 6 6 拉萨日报藏文 c197190.html 1 ཐོན་པ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ། /enpproperty-->