分享按钮

ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་དང་མཇལ་འཕྲད་གནང་བ།

པར་འདི་ནི་ཟླ་2ཚེས་28ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་དང་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་28ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕེང་གིས་ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་གྲོཊ་པོ་བློས་ཐུབ་ཅིག་ཀྱང་ཡིན། འདི་ལོ་ང་དང་སྲིད་འཛིན་ཕུའུ་ཅིང་དབར་སྤེལ་རེས་ཐེངས་གཉིས་བྱས་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྩེ་རིམ་གྱི་ཇུས་འགོད་བཟོས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་འབྲེལ་གཏུག་གཏིང་ཟབ་བྱས་ཡོད། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་ལ།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-02 6 6 拉萨日报藏文 c197189.html 1 ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་དང་མཇལ་འཕྲད་གནང་བ། /enpproperty-->