分享按钮

ཞི་ཅིན་ཕིང་གིས་གྷེ་རུ་ཅི་ཡའི་སྲིད་འཛིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྨི་ཧ་དབྱི་ཨེར་ཁ་ཝེ་ལ་ཧྲི་ཝེ་ལི་ལ་གློག་འཕྲིན་བཏང་སྟེ། ཁོང་ནས་གྷེ་རུ་ཅི་ཡའི་སྲིད་འཛིན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས་གནང་བ་རེད།ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་གྷེ་རུ་ཅི་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་བརྟན་དུ་ཕྱིན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། རྒྱལ་སྤྱིའི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ང་རང་ནས་ཀྲུང་གོ་དང་གྷེ་རུ་ཅི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྐུ་ཞབས་སྲིད་འཛིན་མཆོག་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-05 6 6 拉萨日报藏文 c194244.html 1 ཞི་ཅིན་ཕིང་གིས་གྷེ་རུ་ཅི་ཡའི་སྲིད་འཛིན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། /enpproperty-->