ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་3ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས་རང་གྲོང་གི་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། གསར་སྤེལ་ཁུལ་ནི་ཡུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་ཐོན་ལས་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་དང་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད། གླིང་ཁུལ་ཁག་གིས་ཡུལ་ཁོངས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་། མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ། ཐོན་ལས་གཅིག་སྡུད་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ཡོད། ལྷ་ས་འདི་ཉིད་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས་ཁུར་པོ་ལྗིད་པོ་འཁུར་དགོས་པ་དང་། གོ་སྐབས་ལ་དམ་འཛིན་བྱེད་པ། ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ངེས་གནས་ཡང་དག་འཚོལ་བ། གསར་སྤེལ་ཁུལ་གྱི་བར་སྟོང་བཀོད་སྒྲིག་ལེགས་སུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། གླིང་ཁུལ་གྱི་ནུས་པ་དང་། རིམ་པ། འགྲན་རྩོད་ཀྱི་ནུས་པ་བཅས་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་སྟོན་བྱས་དོན། སྲིད་ཇུས་ཀྱི་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། སྐར་ཁུང་གི་དུས་ཡུན་ལ་དམ་འཛིན་བྱེད་པ། སྲིད་ཇུས་ཀྱི་སྟབས་བདེར་བརྟེན་པ་བཅས་བྱས་ཏེ། གཙོ་གནད་ཐོན་ལས་ལ་རོགས་སྐྱོར་དང་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པ་དང་། ལམ་ལུགས་ཀྱི་ཚད་གཞི་ནན་པོ་ལྟར་གསར་སྤེལ་ཁུལ་གསར་སྐྲུན་དང་། ཁུལ་རྒྱ་བསྐྱེད། ཁུལ་ལེགས་སྒྲིག རིམ་སྤོར་སོགས་ཀྱི་ལས་དོན་སྤེལ་དགོས། ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་བྱས་ནས་འབྱུང་འགྱུར་ཀྱི་འཕེལ་རྒྱས་ལ་བར་སྟོང་འདང་ངེས་འཇོག་དགོས། གླིང་ཁུལ་བསྐྱར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社