分享按钮

ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་12ཚེས་27ཉིན་གྱི་སྔ་དྲོར།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་ཚོཊ་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོཊ་འདུ་འཚོཊ་ནས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོཊ་ཆེན་སྐབས་བཅུ་གཉིས་པའི་ཚོཊ་འདུ་ཐེངས་ལྔ་པ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་ལྔ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།

ད་ཐེངས་ཀྱི་ཚོཊ་འདུ་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོཊ་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར། གཏན་འཁེལ་གཉིས་ལ་བརྩི་སྲུང་ནན་པོ་ཞུ་བ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་པ། མི་དམངས་འཐུས་མི་ཚོཊ་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ།དེ་བཞིན་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་གཏིང་ཟབ་བྱེད་པ།དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།གདོང་དམག་བདུན་ཡག་པོ་བྱེད་རྒྱུར་དམིགས་པ།རྩ་དོན་ལྔ་རྒྱུན་འཁྱོངས་དང་འཐབ་ཇུས་ཆེན་པོ་བཞི་ལག་བསྟར།མི་དམངས་འཐུས་ཚོཊ་དང་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་སྒོ་ནས་སྤྱི་ཚོཊ་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད།

ཡོངས་བསྒྲགས་ཚོཊ་འདུའི་ཐོག གསར་འགྱུར་མགྲིན་ཚབ་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། དྲུང་ཡིག་ཆེན་མོ་བཅས་ཡིན་པའི་ཧོའུ་ཅིང་ཧྭ་ཡིས་ངོ་སྤྲོད་གནང་དོན།འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་།གྲོང་ཨུད་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་པ་དང་།ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་27པའི་ཐོག་ཞིབ་འཇུག་གནང་བ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་ཚོཊ་འདུ་ཐེངས་ལྔ་པ་2024ལོའི་ཟླ་12ཚེས་28ནས་ཚེས་31ཉིན་བར་གྲོང་ཁྱེར་སྲིད་གཞུང་གི་གྲོས་ཚོཊ་ལྟེ་གནས་སུ་འཚོག་རྒྱུ་གཏན་འབེབས་བྱས་པ་རེད། མིག་སྔར། ཚོཊ་འདུའི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ད་ཐེངས་ཀྱི་ཚོཊ་འདུའི་ཐོག་འཐུས་མི་ཚོཊ་པ་ཁག་གི་ཚོཊ་འདུ་ཐེངས་6དང་། ཀྲུའུ་ཞི་ཚོཊ་པའི་ཚོཊ་འདུ་ཐེངས་3 ཚང་འཛོམས་གྲོས་ཚོཊ་ཐེངས་4བཅས་བཀོད་སྒྲིག་བྱ་རྒྱུ་རེད། ཚོཊ་འདུའི་གྲོས་འགོའི་གྲོས་རིམ་ཁྱོན་བསྡོམས་དོན་ཚན་བརྒྱད་ཡོད་པ་སྟེ། དང་པོ།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་ནས་གྲོས་ཞིབ་གནང་རྒྱུ། གཉིས་པ།ལྷ་ས་གྲོང་ཁྱེར་གྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྙན་ཞུ། ལྷ་ས་གྲོང་ཁྱེར་གྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་གཏོང་བའི་འཆར་གཞིའི་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་རྒྱུ།གསུམ་པ།ལྷ་ས་གྲོང་ཁྱེར་གྱི་2024ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ། ལྷ་ས་གྲོང་ཁྱེར་གྱི་2025ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་རྒྱུ། བཞི་པ།ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོཊ་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ། ལྔ་པ།ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུར་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ། དྲུག་པ།ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ། བདུན་པ།འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་མིང་བསྒྱུར་བ་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་གནང་རྒྱུ།བརྒྱད་པ། གསབ་འདེམས་སྐོར་གྱི་དོན་ཚན་ལ་གྲོས་ཞིབ་གནང་རྒྱུ་བཅས་ཡིན།

ཡོངས་བསྒྲགས་ཚོཊ་འདུའི་ཐོག གསར་འགྱུར་མགྲིན་ཚབ་པ་དང་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཁོངས་མི། དྲུང་ཆེ་བཅས་ཡིན་པའི་ཙུའུ་ཡུས་མིང་གིས་ངོ་སྤྲོད་གནང་དོན།སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་ལྔ་པའི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཞིང་། ཚོཊ་འདུ་2024ལོའི་ཟླ་12ཚེས་29ཉིན་གྲོང་ཁྱེར་སྲིད་གྲོས་ཚོཊ་འདུའི་ལྟེ་གནས་སུ་འགོ་ཚུགས་རྒྱུ་དང་ཟླ་12ཚེས་30ཉིན་གྱི་ཕྱི་དྲོར་ཚོཊ་འདུ་མཇུག་བསྒྲིལ་རྒྱུ་ཡིན། ཟླ་12ཚེས་28ཉིན་གྱི་ཕྱི་དྲོར་ཨུ་ཡོན་དང་ཟུར་ཞུགས་མི་སྣ་ཚོས་འབྱོར་ཐོ་འགོད་གནང་རྒྱུ་རེད། ད་ཐེངས་ཀྱི་ཚོཊ་འདུའི་གྲོས་རིམ་གཙོ་བོ་ནི། སྲིད་གྲོས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གསན་ནས་གྲོས་ཞིབ་གནང་རྒྱུ་དང་། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་གྲོས་ཚོཊ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་འབྲེལ་ཡོད་སྙན་ཞུ་གཞན་དག་ལ་གསན་རྒྱུ་དང་གྲོས་བསྡུར་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་ལྔ་པའི་གྲོས་ཆོད་ལ་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་ཞུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་ལྔ་པའི་གྲོས་ཆོད་ལ་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོཊ་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཁ་སྣོན་གནང་རྒྱུ་བཅས་ཡིན།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 6 6 拉萨日报藏文 c193581.html 1 ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ། /enpproperty-->