分享按钮

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

﹝2024﹞ཡིག་ཨང་10པ།

ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་དང་ཆུ་ཤུར་རྫོང་གིས་བདམས་པའི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་འཐུས་མི་ལི་ཀྲུང་ཧའེ་དང་འཕྲིན་ལས་དར་རྒྱས་གཉིས་ལས་ཀའི་རྐྱེན་གྱིས་སྲིད་འཛིན་ཁུལ་དེ་ནས་གཞན་དུ་ལས་བསྒྱུར་བྱས་སྟབས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོཊ་དང་ས་གནས་ཀྱི་མི་དམངས་འཐུས་ཚོཊ་རིམ་པ་ཁག་གི་འཐུས་མིའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་གཏན་འབེབས་ལྟར།ལི་ཀྲུང་ཧའེ་དང་འཕྲིན་ལས་དར་རྒྱས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་འཐུས་མིའི་ཐོབ་ཐང་རང་འགུལ་གྱིས་མཚམས་འཇོག་བྱས་ཡོད།

ཁྲེང་ཀོན་ཆུས་ཀྱིས་བདམས་པའི་ཉི་མ་ཡོན་ཏན་དང་མཚམས་གཅོད་དང་།སྟག་རྩེ་ཆུས་ཀྱིས་བདམས་པའི་བསོད་ནམས་ཚེ་རིང་དང་བག་གྲོ།ལྷུན་གྲུབ་རྫོང་གིས་བདམས་པའི་སྐལ་ལྡན་ཚེ་རིང་། ཆུས་ཤུར་རྫོང་གིས་བདམས་པའི་བུ་འོད་སྟོང་།སྙེ་མོ་རྫོང་གིས་བདམས་པའི་ཀྲང་ཁྲང་ཞང་དང་ལིའུ་ཏའེ་ཧུང་། དྲག་ཆས་ཉེན་རྟོག་ལྷ་ས་ཡན་ལག་རུ་ཁག་གིས་བདམས་པའི་ཧན་ཁྲུན་བཅས་ལས་ཀའི་དགོས་མཁོ་དང་རྒན་ཡོལ་ཞུས་པ་སོགས་ཀྱི་དབང་གིས་ཁོང་ཚོ་རང་ངོས་ཀྱིས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་འཐུས་མིའི་ལས་གནས་ནས་དགོངས་པ་ཞུས་ཡོད། ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་། སྙེ་མོ་རྫོང་བཅས་ཀྱི་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དྲག་ཆས་ཉེན་རྟོག་ལྷ་ས་ཡན་ལག་རུ་ཁག་གི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་བཅས་སོ་སོས་ལས་དགོངས་དང་ལེན་བྱ་རྒྱུའི་ཐག་བཅད་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོཊ་དང་ས་གནས་ཀྱི་མི་དམངས་འཐུས་ཚོཊ་རིམ་པ་ཁག་གི་འཐུས་མིའི་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་གཏན་འབེབས་ལྟར་ན། ཉི་མ་ཡོན་ཏན་དང་། མཚམས་གཅོད། བསོད་ནམས་ཚེ་རིང་། བག་གྲོ། སྐལ་ལྡན་ཚེ་རིང་། བུ་འོད་སྟོང་། ཀྲང་ཁྲང་ཞང་། ལིའུ་ཏའེ་ཧུང་། ཧན་ཁྲུན་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོཊ་དང་ས་གནས་ཀྱི་མི་དམངས་འཐུས་ཚོཊ་རིམ་པ་ཁག་གི་འདེམས་བསྐོའི་བཅའ་ཁྲིམས》ཀྱི་དོན་ཚན་ང་དྲུག་པའི་གཏན་འབེབས་ལྟར།འཕྲིན་ལས་དར་རྒྱས་ཀྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་མཚམས་འཇོག་བྱས་པ་དང་། ཉི་མ་ཡོན་ཏན་དང་སྐལ་ལྡན་ཚེ་རིང་གཉིས་ཀྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་མཚམས་འཇོག་བྱས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པར་ཐོ་འགོད་སྙན་སེང་ཞུ་རྒྱུ་རེད།

ཁྲེང་ཀོན་ཆུས་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསོད་ནམས་འཇིགས་མེད་གསབ་འདེམས་བྱས་པ་དང་། སྟོད་ལུང་བདེ་ཆེན་ཆུས་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལིན་ཡུང་གསབ་འདེམས་བྱས་པ། སྟག་རྩེ་ཆུས་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧོ་ཅན་དང་ཚེ་རིང་དར་རྒྱས་གསབ་འདེམས་བྱས་པ། ལྷུན་གྲུབ་རྫོང་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལི་ཧའེ་ཡུན་དང་ཕུར་བུ་དབང་འདུས་གསབ་འདེམས་བྱས་པ། མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབང་རྒྱལ་གསབ་འདེམས་བྱས་པ། ཆུ་ཤུར་རྫོང་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེ་རིང་སྒྲོལ་དཀར་དང་ཚེ་རིང་དོན་གྲུབ་གསབ་འདེབས་བྱས་པ། སྙེ་མོ་རྫོང་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐལ་བཟང་དབང་མོ་གསབ་འདེམས་བྱས་པ། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཧོང་རུང་ཅན་གསབ་འདེམས་བྱས་པ། དྲག་ཆས་ཉེན་རྟོག་ལྷ་ས་ཡན་ལག་རུ་ཁག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་དབྱང་ཧོ་ཡུན་གསབ་འདེམས་བྱས་ཡོད།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོཊ་ཐེངས་ཉེར་བདུན་པའི་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་གཞིར་བཟུང་བསོད་ནམས་འཇིགས་མེད་དང་། ལིན་ཡུང་། ཧོ་ཅན། ཚེ་རིང་དར་རྒྱས། ལི་ཧའེ་ཡུན། ཕུར་བུ་དབང་འདུས། དབང་རྒྱལ། ཚེ་རིང་སྒྲོལ་དཀར། ཚེ་རིང་དོན་གྲུབ། སྐལ་བཟང་དབང་མོ། ཧོང་རུང་ཅན།དབྱང་ཧོ་ཡུན་བཅས་ཀྱི་འཐུས་མིའི་ཐོབ་ཐང་ནུས་ལྡན་ཡིན་པ་གཏན་འཁེལ་བྱས་ཡོད།

མིག་སྔའི་བར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་སྐབས་བཅུ་གཉིས་པར་འཐུས་མི་249ཡོད་པ་རེད།

ཆེད་དུ་སྤྱི་བསྒྲགས་སྤེལ་བ།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

2024ལོའི་ཟླ་12ཚེས་27ཉིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 ﹝2024﹞ཡིག་ཨང་10པ། 6 6 拉萨日报藏文 c193575.html 1 ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས། /enpproperty-->