分享按钮

འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བྱ་བ་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།

འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བྱ་བ་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།

(པར་ངོས་གཉིས་པར་མཐུད)ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ།སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་བར་མཐོངས་རྒྱ་ཆེར་གཏོང་བ་དང་གསོན་ཤུགས་དང་སྒུལ་ཤུགས་འཕེལ་བར་བྱས་ཐོག་ནུས་ཤུགས་ཡོད་རྒུས་ཕྱུག་འགྱུར་དང་མཛེས་སྡུག་ལྡན་པའི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།

ཚོགས་ཞུགས་བློ་མཐུན་ཚོས་ཚོགས་འདུའི་ཐོག་ཁྱོན་ཡོངས་དང་། རྩོད་སྒྲུབ། ཡུན་རིང་བཅས་ཀྱི་མིག་རྒྱང་གི་ཐོག་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་དངོས་ཐོག་བདེན་འཚོལ་དང་གནད་ལ་འཕིགས་པར་བྱས་ནས་ཚང་མར་ཉེན་ཁ་དང་།འགྲན་སློང་།འཕེལ་རྒྱས་བཅས་ཀྱི་གོ་སྐབས་ལ་དེ་བས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་དང་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་བ། སྲིད་ཇུས་ཀྱི་ཐབས་མང་མཉམ་སྤྱོད་ཡག་པོ་བཅས་བྱེད་དགོས།ཚོགས་འདུའི་ཐོག་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། གོ་ཆོད་རང་བཞིན་བཅས་ལྡན་པའི་སྤྱི་ཁོག་སྙོམས་སྒྲིག་གི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད།

ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་གིས་ཚོགས་འདུའི་ཐོག་ཕྱི་ལོ་བརྟན་ཐོག་ཡར་འཕེལ་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ། གཞུང་འཁྱོངས་གསར་གཏོད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ནས་བརྟན་ཐོག་ཡར་འཕེལ་དང་། གཏོར་བ་དང་འཛུགས་པ། དོན་གཉེར་དང་ལས་སྒྲུབ་བཅས་ཀྱི་རྩོད་སྒྲུབ་ཀྱི་འབྲེལ་བ་གཏིང་ཟབ་མངོན་པ་དང་། ཕན་ཚུན་སྦྲེལ་མཐུད་དང་ནང་ངོས་གཅིག་གྱུར་ཡོང་བར་བྱས་ཏེ་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཕྱོགས་ནས་རང་འགུལ་ངང་འགྱུར་བསྟུན་གྱི་བློ་གྲོས་ལྡན་ཡོད། ཅང་ཤིས་ཀྱིས་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་འགྱུར་བར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་སྐྲུན་པ། ནང་མཁོ་ཁྱོན་ཡོངས་ནས་རྒྱ་ཆེར་གཏོང་བ། སྐམ་སའི་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་མགྱོགས་མྱུར་གཏོད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ། ལས་ཞུགས་ཀྱི་གཞི་རྩའི་འཆར་གཞི་བརྟན་པོ་ཡོང་བར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་དེའི་ནང་ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ། མཚོན་བྱེད་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཕྱོགས་དགུའི་གཙོ་གནད་ལས་འགན་ཚུད་ཡོད་པ་རེད།

བཀོད་སྒྲིག་བྱེད་ཐེངས་གཅིག་ལ་དོན་འཁྱོལ་བྱེད་དགོས། ཚོགས་ཞུགས་བློ་མཐུན་ཚོས་ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། བྱེད་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དོན་ཐོག་ཏུ་འཁྱོལ་བར་བྱེད་པ། མདུན་གྲལ་དུ་སྐྱོད་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།

ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དཔལ་འབྱོར་ཡུན་རིང་བརྟན་ལྷིང་དང་ལེགས་ཕྱོགས་སུ་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ང་ཚོའི་ཡིད་ཆེས་དང་གཏིང་ཤུགས་ཆེ་རུ་ཕྱིན་ཡོད། ཧྲའན་ཤིས་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཤིས་སུ་སྔ་རྗེས་སུ་རྟོག་ཞིབ་གནང་བར་ཕེབས་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་ཟུང་འབྲེལ་གྱིས་བརྟན་པོའི་ངང་འཕར་བ་དང་།འགུལ་ནུས་འཕར་བ། དམངས་འཚོར་ཕན་འདོགས་པ། མ་མཐའི་མཚམས་ཐིག་སྲུང་རྒྱུ་བཅས་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ནུས་པ་འདོན་རྒྱུའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་བསྡུ་རུབ་ལྟེ་གནས་ལྟེ་བར་བྱས་ནས་སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་པ། རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་འདེགས་སྐྱོར་དུ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧྲའན་ཤིས་ཀྱི་ལེའུ་གསར་པ་བརྩམས་ནས་ནུབ་རྒྱུད་ཀྱི་དཔེ་སྟོན་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་པ་ཞིག་བྱས་ཏེ་གཟེར་འདེབས་པའི་སྙིང་སྟོབས་ཀྱི་ཐོག་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཚོགས་འདུའི་ཐོག་འཛད་སྤྱོད་འཕེལ་བ་དང་། ཕྱི་ཕྱོགས་ཚོང་དོན་བརྟན་དུ་གཏོང་བ། ཕྱི་ཕྱོགས་མ་དངུལ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་པ་དང་ཚོང་དོན་པུས་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་སང་ལོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འཛད་རྫས་རྙིང་ཚབ་གསར་བརྗེའི་ལས་དོན་གསར་པར་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་རྒན་གསོ་དང་། བདེ་ཐང་། བུ་གསོ། ཁྱིམ་ལས། ཆ་འཕྲིན་འཛད་སྤྱོད་སོགས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད། དངོས་ཟོག་ཉོ་ཚོང་བརྟན་པོ་ཡོང་གང་ཐུབ་དང་། ཞབས་ཞུའི་ཉོ་ཚོང་རྒྱ་སྐྱེད་གཏོང་གང་ཐུབ། གྲངས་འཛིན་ཉོ་ཚོང་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་ཀྱི་མ་དངུལ་བསྟུད་མར་བརྟན་དུ་གཏོང་བ་དང་། གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་སྒོ་འབྱེད་པའི་ཚོད་ལྟ་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བ། ཀྲུང་གོར་མ་དངུལ་འཇོག་པའི་སྤུས་རྟགས་རྒྱུན་མཐུད་ངང་གཏོད་པ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ཀྲུང་གོར་བློ་བདེ་པོའི་ངང་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་བཤད་པ་རེད།

དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འབད་འབུངས་ཧུར་ལེན་བྱས་ཚེ་གཞི་ནས་རྣམ་པ་གསར་པ་གཏོད་ཐུབ།

ཚོགས་ཞུགས་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཚོགས་འདུའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་པ། འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ། མཉམ་ཤུགས་གཅིག་སྒྲིལ།དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བར་བྱེད་པ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤགས་དང་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་།མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་13ཉིན་འབྱོར་བའི་གློག་འཕྲིན)

(བྱང་ཆུབ་ཆོས་སྒྲོན་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c193000.html 1 འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བྱ་བ་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། /enpproperty-->