分享按钮

འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བྱ་བ་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།

ཚོགས་ཞུཊ་བློ་མཐུན་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོཊ་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་11ནས་ཚེས་12ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུ་འཚོགས་རིང་ཚོགས་ཞུགས་བློ་མཐུན་ཁག་གཅིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ཕྱིས་འབྱུང་གི་ལས་ཀའི་བསམ་ཚུལ་ལྷུག་པོར་གླེང་བ་རེད།

ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྗེས།དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་སྐྱོད་སྐབས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་གྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་པ་དང་། འགྲན་སློང་ལ་ཁ་གཏད་གཅོག་པ་དང་གོ་སྐབས་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་རང་འགུལ་སྔར་བས་ཆེ་རུ་ཕྱིན་པ། བརྟན་ཐོག་ཡར་འཕེལ་དང་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་ཐབས་ལམ་བཅས་ཁ་གསལ་དུ་ཕྱིན་ཡོད་པས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཡིད་ཆེས་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

2024ལོར་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ངལ་ཆེ་རུ་ཕྱིན་པའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་ཀྱི་མདུན་དུ་ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་ཤིག་ཐོབ་ཡོད། ལྷག་པར་དུ་འཕར་ཚད་སྲིད་ཇུས་སྡེབ་གཅིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པས་དཔལ་འབྱོར་བསྐྱར་འཕར་མངོན་གསལ་དོད་པོ་བྱུང་ཡོད།

ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཆིན་གྱིས་ལོ་གཅིག་རིང་གི་འཕེལ་རྒྱས་ལོ་རྒྱུས་ནི་སྤྱིར་བཏང་ཞིག་གཏན་ནས་མིན་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་འོག་རང་རྒྱལ་ལ་སྔར་བཞིན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དེ་ཡིན་པ་དང་། དེའི་ཐོག་ནས་འགག་རྩའི་དུས་སྐབས་སུ་ཏང་ཀྲུང་དབྱང་གིས་དུས་བབ་ལ་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་དང་། ཐབས་ཇུས་བཀོད་སྒྲིག་གི་ཡང་དག་རང་བཞིན་དང་རྒྱང་ལྟའི་རང་བཞིན་ར་སྤྲོད་གང་ལེགས་ཐུབ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་རྟེན་ས་དང་རྒྱ་མཚོའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཡིན་ཞེས་བཤད། ཧེ་ལུང་ཅང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ཆེན་པོ་ལྔ་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་དར་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་གང་མང་འཇོག་རྒྱུ་ཡིན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། ངེས་པར་དུ་སྤྱི་འདོམས་ཡག་པོ་བྱེད་དགོས་པའི་འབྲེལ་བ་གལ་ཆེན་ལྔ་སྟེ། ཁྲོམ་ར་དང་སྲིད་གཞུང་དབར་གྱི་འབྲེལ་བ་དང་། མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་དབར་གྱི་འབྲེལ་བ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་བརྗེས་བྱེད་པའི་དབར་གྱི་འབྲེལ་བ། འཕར་ཚད་ལེགས་གཏོང་དང་གསོག་ཐེབས་ཕན་སྒྱུར་དབར་གྱི་འབྲེལ་བ། སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་མང་དུ་གཏོང་བའི་དབར་གྱི་འབྲེལ་བ་བཅས་ཡིན།

ཚོགས་ཞུགས་བློ་མཐུན་ཚོས་ཞིབ་གླེང་གལ་ཆེན་དེ་དག་གི་ཐོག་ནས་རང་རེའི་ཏང་གིས་དཔལ་འབྱོར་ལས་དོན་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་བློའི་ཁྲིད་སྟོན་ཤུགས་ཆེན་མཁོ་འདོན་བྱས་པ་ཞིག་རེད་ཅེས་བཤད།

ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཤེས་རྟོགས་སྨྲ་བ་ནས་བརྟག་ཐབས་སྨྲ་བའི་བར་གྱིས་ཕྱི་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད།ཕྱིས་འབྱུང་གི་ལས་ཀའི་ཁ་ཕྱོགས་དེ་བས་ཁ་གསལ་དུ་ཕྱིན་སོང་། ཅང་སུའུ་འདི་ཉིད་ནི་དཔལ་འབྱོར་དར་རྒྱས་ཆེ་བའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་ཡིད་ཆེས་བརྟན་པོ་དང་དམ་པ་དོན་གཉེར་གྱི་ཐོག་ནས་ཕྱོགས་གང་ཅིའི་ཧུར་སེམས་དང་གསར་གཏོད་བྱེད་སེམས་ལ་སྐུལ་སློང་གང་ལེགས་དང་། ཕན་ཡོད་ཀྱི་ཆ་རྐྱེན་ཐམས་ཅད་སྤྱད་དེ་ཚན་སློབ་ཀྱི་ཤེས་ལྡན་པ་དང་ཐོན་ལས་ཀྱི་རྨང་གཞི་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱ་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 ཚོགས་ཞུཊ་བློ་མཐུན་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོཊ་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ། 6 6 拉萨日报藏文 c192994.html 1 འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། བྱ་བ་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། /enpproperty-->