分享按钮

ལྷུན་གྲུབ་རྫོང་གིས་ཚན་རིག་དང་མཐུན་པའི་འབྲུ་སྣོད་སྤྲོད་པའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་དམངས་འཚོར་འབྲེལ་བ་ཡོད། ལྷུན་གྲུབ་རྫོང་གིས་འབྲུ་རིགས་གྲབས་གསོག་བྱ་རྒྱུ་དེ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཟླ་11ཚེས་27ཉིན། ལྷུན་གྲུབ་རྫོང་གིས་བྱང་ཁ་ཤང་མདུན་གྲོང་གྲོང་ཚོར་ཚན་རིག་དང་མཐུན་པའི་འབྲུ་སྣོད་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

མཛད་སྒོ་སྤེལ་ཡུལ་དུ། ལྕང་ར་ཤར་ཤང་དང་དཔལ་འབྱོར་གླིང་ཤང་སོགས་ནས་ཡོང་བའི་གྲོང་མི་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་རེ་སྒུག་བྱེད་བཞིན་བསྡད་འདུག སྒྲིག་སྦྱོར་བྱས་ཟིན་པའི་ཚན་རིག་དང་མཐུན་པའི་འབྲུ་སྣོད་ཁ་ཤས་ཤིག་གྲལ་འགྲིག་པོའི་ངང་བསྒྲིགས་ནས་བཞག་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

པར་འདི་ནི་ལག་རྩལ་མི་སྣས་འབྲུ་སྣོད་སྒྲིག་སྦྱོར་བྱེད་པའི་བརྒྱུད་རིམ་དཔེ་སྟོན་བྱེད་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191953.html 1 ལྷུན་གྲུབ་རྫོང་གིས་ཚན་རིག་དང་མཐུན་པའི་འབྲུ་སྣོད་སྤྲོད་པའི་མཛད་སྒོ་འཚོགས་པ། /enpproperty-->