(པར་ངོས་དང་པོར་མཐུད)རིག་གནས་གསར་གཏོད་ཀྱི་ཐོན་རྫས་སོགས་རིགས་30ལྷག་ཙམ་གྱི་ས་ཁོངས་ཁྱད་ལྡན་ཚོང་ཟོག་འགྲེམས་སྟོན་བྱས་པས་འགྲེམས་ཚོགས་ནང་ཞུགས་མཁན་མང་པོ་ཞིག་གི་ཡིད་དབང་བཀུག་པ་དང་། འགྲེམས་ཚོགས་ནང་ཞུགས་པའི་ཚོང་ཟོག་ལ་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། མཉམ་ལས་ཀྱི་འདོད་མཐུན་ཡང་མང་པོ་བཞག་ཡོད་པ་རེད། འགྲེམས་ཚོགས་ནང་ཞུགས་པ་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་ལྷ་སའི་ས་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་ལ་ཤེས་རྟོགས་དང་དགའ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། ལྷ་སའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ཡོད་ལ་ལྷ་སའི་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
འགྲེམས་ཚོགས་ནང་ཞུགས་རིང་། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་དང་ཀྲུང་ཧྭའི་ཚོང་རྟགས་མཐུན་ཚོགས་ཀྱི་འགོ་ཁྲིད་སྔ་རྗེས་སུ་བོད་ཀྱི་འགྲེམས་ཁང་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ལྷ་སའི་ས་ཁོངས་དང་སྤུས་རྟགས་ཚོང་རྟགས་ལས་དོན་གྱི་ཕན་འབྲས་དང་ལྷག་དོན་དུ་ས་ཁོངས་མཚོན་རྟགས་ཐོན་ལས་སྣུར་སྲིང་དང་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་གནང་བ་རེད། སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་རྒྱལ་ཁབ་རིམ་པའི་ཚོགས་འདུ་གཟབ་རྒྱས་དེ་གོ་སྐབས་སུ་བྱས་ནས་ས་གནས་ཁག་གི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་བཟུང་སྟེ་ཚོང་རྟགས་སྤུས་རྟགས་གཏོད་རྒྱུ་དེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་ཀྱི་འགྲན་རྩོད་ལེགས་ཆ་ཆེ་རུ་གཏོང་བ། ཚོང་རྟགས་སྤུས་རྟགས་སྐྱེད་སྲིང་དང་སྲུང་སྐྱོང་གི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཚོང་རྟགས་སྤུས་རྟགས་ཀྱི་སྟོབས་ཤུགས་སྔར་བས་མངོན་གསལ་དོད་དུ་གཏོང་བ། སྤུས་རྟགས་ཀྱི་རིན་ཐང་མངོན་པ་བཅས་བྱས་ཏེ་ས་ཁོངས་ཀྱི་ཁྱད་ལྡན་ཚོང་རྟགས་སྤུས་རྟགས་དེ་བས་མང་བའི་ཐོག་ནས་ལྷ་སའི་ཐོན་སྐྱེད་ཀྱི་ནུས་ཤུགས་གསར་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社