ཤའོ་ཡིའུ་ཚའེ་ཡིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་འཛིན་ཁྲིམས་འཛིན་
གྱི་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་གསུངས་གནང་བ།
(པར་ངོས་དང་པོར་མཐུད)སྲིད་འཛིན་ཁྲིམས་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འགན་འཁྲི་རང་འཁུར་དང་རང་འགན་གཙང་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས།
མཉམ་འབྲེལ་གྱི་ལམ་སྲོལ་འཛུགས་དགོས་ཤིང་། ཚོར་སྣང་སྐྱེན་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གང་མགྱོགས་འཛུགས་པ། དུས་བཀག་ལྟར་གྲོས་མོལ་དང་ཐུན་མོང་ཐོག་དཀའ་གནད་སེལ་བ་བཅས་བྱས་ཏེ་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་དང་ལས་སྒོའི་སྦྱོང་བརྡར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ།རང་བརྟེན་སྦྱོང་བརྡར་བྱ་རྒྱུ་གཙོ་བོར་བྱེད་པ་དང་གཅིག་སྡུད་སྦྱོང་བརྡར་བྱ་རྒྱུ་ཕལ་པར་བྱེད་པའི་བྱ་ཐབས་སྤྱད་ནས་ཁྲིམས་འཛིན་གྱི་གོ་རིམ་ཟམ་མི་ཆད་པར་ཚགས་ཚུད་དུ་གཏོང་བ་དང་། ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་བཟོ་བ། ཁྲིམས་འཛིན་གྱི་སྐྱོན་ཆ་མེད་པར་བཟོ་བ་བཅས་བྱེད་དགོས།
ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་ནན་པོ་བྱེད་དགོས་ཤིང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། གནད་དོན་ཤེས་རྟོགས་བྱུང་རིགས་དུས་ཐོག་ཏུ་བཅོས་སྒྲིག་དང་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་འཇུག་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བའི་ཚན་པ་དང་མི་སྒེར་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社