(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཅིག་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་བརྟན་པོ་འཁུར་དགོས། གཉིས་ནས་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁོངས་གཏོགས་ས་ཆའི་དོ་དམ་དང་རིམ་པ་དབྱེ་ནས་འགན་འཁུར་བ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་། རིམ་པ་བཞིན་དུ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས། གསུམ་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་གནད་དོན་ཐག་གཅོད་དང་། འགལ་བ་འདུམ་འགྲིག ཉེན་ཁར་དོགས་ཟོན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དངོས་དོན་གཉེར་བའི་སྤྱོད་ཚུལ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀར་སྐུལ་འདེད་གཏོང་དགོས། བཞི་ནས་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཚན་པའི་མཉམ་འགུལ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་འོས་འཚམ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། ལྔ་ནས་ཞིབ་དཔྱད་དང་སྒྲུབ་སྐུལ་ལ་ཤུཊ་སྣོན་བརྒྱབ་སྟེ། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གནས་ཚུལ་དངོས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ཡག་པོ་བཅས་བྱེད་དགོས།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ལི་ཅང་ཤིན་ཚོཊ་འདུར་ཞུཊ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ལིན་ཡུང་ཚོཊ་འདུར་ཞུཊ་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社