ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་།ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་སེམས་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ།རང་རྒྱལ་གྱི་རྒྱལ་སྲུང་འཛུགས་སྐྲུན་དང་དམག་དཔུང་གི་དམག་དོན་ལས་དོན་གྱི་ཕུལ་བྱུང་འགོ་ཁྲིད་པ།ཀྲུང་དབྱང་དམག་ཨུད་ཀྱི་དེ་སྔའི་ཨུ་ཡོན་དང་དེ་སྔའི་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་བློ་མཐུན་ལེང་ཀོང་ལེའི་སྐུ་ཕུང་ཚེས་18ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་གནང་བ་རེད།
བློ་མཐུན་ལེང་ཀོང་ལེར་སྙུན་གཞིའི་རྐྱེན་པས་2024ལོའི་ཟླ་11ཚེས་12ཉིན་གྱི་ཆུ་ཚོད་2དང་སྐར་མ་43ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་84ཡིན་པ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社