分享按钮

སྔོ་ལྗང་གི་རྨང་གཞི་བརྟན་དུ་བཏང་ནས་མཛེས་པའི་ལྷ་ས་འཛུགས་སྐྲུན་བྱེད།

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གི་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལྗང་མདོག་ནི་དུས་རབས་གསར་པའི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན།

སྟོན་དུས་ཀྱི་ལྷ་སའི་ཁྲོམ་གཞུང་དུ་དེ་བས་མཛེས་སྡུག་ལྡན་ལ་ཞི་མཐུན་གྱི་རང་བྱུང་རྒྱན་གོས་བཀླུབས་ཤིང་། གཞུང་ལམ་གྱི་གཡས་གཡོན་གཉིས་སུ། སྔོན་ཆད་ཐར་ཐོར་དང་ཟང་ཟིང་དུ་གྱུར་པའི་ལྗོན་ཤིང་རྣམས་ད་ལྟ་ཕན་ཚུན་སྣོལ་ཞིང་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད། སྔོ་ལྗང་ཁུལ་གྱི་སྡོང་ཕྲན་རྣམས་བྲེག་ནས་གྲལ་སྟར་འགྲིག་ལ་ཉི་འོད་ཀྱི་འོག་ཏུ་ཁ་དོག་རྣམ་པར་བཀྲ་བའི་སྡོང་ལོ་རྣམས་འོད་འཚེར་བ་ལྟར་མཛེས་ཤིང་ལྟ་ན་སྡུག སྤྱི་གླིང་ནང་གི་སྔོ་ལྗང་ལྗོན་ཤིང་རྣམས་ལས་ཀྱང་རིམ་བཞིན་སྟོན་གྱི་རྣམ་པ་ཞིག་མངོན་ཡོང་། གསེར་མདོག་དང་དམར་སྨུག་མཉམ་དུ་འདྲེས་ཤིང་། ལྗང་མདོག་ཀྱང་སྔར་བཞིན་གནས་པའི་འབྱུང་ཁམས་ཀྱི་རི་མོ་ཞིག་མིག་ལམ་དུ་མངོན་ཐུབ་ཀྱི་འདུག

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ནས་ལོ་གཅིག་སོང་ཚུན། གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་འབྱུང་ཁམས་ཤེས་དཔལ་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-18 ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གི་ལས་དོན་སྐོར་གྱི་སྒྲིལ་གླེང་། 6 6 拉萨日报藏文 c191334.html 1 སྔོ་ལྗང་གི་རྨང་གཞི་བརྟན་དུ་བཏང་ནས་མཛེས་པའི་ལྷ་ས་འཛུགས་སྐྲུན་བྱེད། /enpproperty-->