ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་སྲིད་འཛིན་ལས་ཤག་ཏུ་ཕེ་རུའི་སྲིད་འཛིན་པོ་ལུའུ་ཨའར་ཐེ་དང་མཇལ་མོལ་གནང་ཞིང་། སྲིད་འཛིན་པོ་ལུའུ་ཨའར་ཐེས་སྲིད་འཛིན་ལས་ཤག་མདུན་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་སྲིད་འཛིན་ལས་ཤག་ཏུ་ཕེ་རུའི་སྲིད་འཛིན་པོ་ལུའུ་ཨའར་ཐེ་དང་མཇལ་མོལ་གནང་བ་རེད།
དབྱར་དུས་ཀྱི་ལི་མའི་ཉི་འོད་རབ་ཏུ་འཚེར་ལ་མེ་ཏོག་རབ་ཏུ་བཞད།
ཕེ་རུའི་གུས་ལུགས་རྟ་དམག་རུ་ཁག་གི་ཕེབས་སྲུང་འོག ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ་སྲིད་འཛིན་ལས་ཤག་ཏུ་འབྱོར་སྐབས། སྲིད་འཛིན་པོ་ལུའུ་ཨའར་ཐེས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
པོ་ལུའུ་ཨའར་ཐེས་སྲིད་འཛིན་ལས་ཤག་མདུན་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕར་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་ཕྱག་བཏང་གནང་བ་རེད། པོ་ལུའུ་ཨའར་ཐེའི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད།
ཕེབས་བསུའི་མཛད་སྒོ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ངས་ཕེ་རུར་འཚམས་འདྲི་བྱེད་ཐེངས་གསུམ་པ་ཡིན་ལ། ལོ་གཅིག་གི་ནང་སྲིད་འཛིན་མཁྱེན་ལྡན་མ་དང་ཐུག་འཕྲད་བྱེད་ཐེངས་གསུམ་པ་ཡང་ཡིན། ཕེ་རུའི་མང་ཚོགས་མང་པོ་ཞིག་རང་འགུལ་ངང་འགྲོ་ལམ་གྱི་གཡས་གཡོན་དུ་འཛོམས་ནས་ཕྱག་གཡུག་གཡུག་བྱས་ཏེ་དགའ་བསུ་ཞུས་པས། ཕེ་རུ་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་ཟབ་མོ་མཚོན་པ་དང་། ཀྲུང་ཕེ་རྒྱལ་ཁབ་གཉིས་པོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་། གནའ་བོའི་ཤེས་དཔལ་ཟབ་མོས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོར་བློ་གྲོས་དང་བློ་རྒྱ་བསྩལ་པས། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社