ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་བོད་ལྗོངས་གློག་ཤུགས་ཀྱི་ས་སྨད་རྒྱུད་ཀྱི་ཆན་ཧྥུའུ་220ཡི་གློག་སྐུད་སྒྱུར་བཀོད་ལས་གྲྭས་འཛུགས་སྐྲུན་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་བདེ་བླག་ངང་གློག་གཏོང་འགོ་ཚུགས་པ་དེའི་ཐོག་ནས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་གྲོང་ཁྱེར་ལས་བརྒལ་བའི་གློག་དྲའི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ཐོག་མ་ལེགས་གྲུབ་བྱུང་བ་མཚོན་ཡོད། ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་བོད་དབུས་གློག་དྲ་ལྷ་ས་ནས་གཞིས་ཀ་རྩེ་དང་མངའ་རིས་དུམ་བུའི་བདེ་འཇགས་དང་བརྟན་པོའི་རང་བཞིན་དང་།དེ་བཞིན་ཁུལ་བརྒལ་གློག་མཁོ་འདོན་གྱི་འགན་ལེན་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ་གྱི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གློག་ཤུགས་མཁོ་འདོན་འགན་ལེན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社