(པར་ངོས་དང་པོར་མཐུད)བཅིངས་འགྲོལ་ཤར་ལམ་དུ་ཨར་ལས་མི་སྣ་10ལྷག་ཙམ་གྱིས་ཚ་གདུག་ཆེ་བའི་ཉི་འོད་འོག་ལམ་ཟུར་གྱི་གློག་སྒྲོན་སྒྲིག་སྦྱོར་བྱེད་བཞིན་ཡོད་པར་མ་ཟད། ད་དུང་ལམ་དུམ་དུ་ཡུར་བུ་འདྲུ་བ་དང་། གློག་སྐུད་འཁྲིད་པ། ལམ་ངོས་སྨི་4800སྐོང་བ་བཅས་དང་འབྲེལ་བ་ཡོད་པ་རེད། མིག་སྔར་ཡུར་བུ་འདྲུ་བ་དང་། གློག་སྐུད་འཁྲིད་པ། ལམ་ངོས་ཚང་མ་བསྐངས་ཤིང་། ཁྱོན་ལམ་ཟུར་གྱི་གློག་སྒྲོན་76སྒྲིག་སྦྱོར་བྱས་ཟིན་ཡོད་པ་རེད།
གྲོང་ཁྱེར་དོ་དམ་ཅུས་གྲོང་དོན་དོ་དམ་ཁོའོ་ཡི་ཁོའོ་ཀྲང་འཕྲིན་ལས་རབ་རྒྱས་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་སྐབས་ལམ་སྒྲོན་བསྒར་བའི་ལས་དོན་ཐད་བླང་བྱ་གསུམ་བཏོན་གནང་བ་སྟེ། གཅིག་ནི་མིག་སྔར་སྤྱི་ཡོངས་ཀྱི་གློག་སྐུད་རྙིང་པ་ཡིན་པས་ཟང་ཟིང་གི་རྣམ་པ་ཆེ་ཙམ་ཡོད་པ་དང་། གཉིས་ནི་གློག་ཤིང་སྒྲིག་སྦྱོར་བྱེད་པའི་གོ་རིམ་ཁྲོད་བཀྲག་རྩི་འབུད་པའི་རྣམ་པ་ཚབས་ཆེན་ཡོད་པ། གསུམ་ནི་ཨར་ལས་ལམ་རྒྱུད་ཀྱི་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ་བཅས་ཡིན། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཏོན་པའི་གནད་དོན་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མ་ཉིད་དུ་ཨར་ལས་ཚན་པ་བཀོད་སྒྲིག་བྱས་ནས་གྲལ་བཤེར་བྱས་ཡོད། གློག་སྐུད་ཟང་ཟིང་ཡིན་པར་དམིགས་ནས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སི་དང་འབྲེལ་བ་བྱས་ཏེ། རྙིང་འགྱུར་གྱི་གློག་སྐུད་གང་མགྱོགས་གཙང་སེལ་བྱས་པ་དང་ཆབས་ཅིག་གློག་སྐུད་གསར་པ་དུས་ཐོག་ཏུ་སྦྲེལ་མཐུད་བྱས་ཡོད། བཀྲག་རྩི་འབུད་པའི་ཐད་ང་ཚོས་ཨར་ལས་ཚན་པ་དང་གྲོས་མོལ་བྱས་ནས་ཁོང་ཚོར་གཅིག་གྱུར་སྒྲིག་སྦྱོར་བྱས་རྗེས་སླར་ཡང་མཐོ་འཛེགས་རླངས་འཁོར་གྱིས་ལམ་རྒྱུད་ཧྲིལ་པོའི་གློག་ཤིང་ལ་བཀྲག་རྩི་གཏོང་བྱེད་སྤྱད་དེ་བཀྲག་རྩི་ཐེངས་གཅིག་གཏོང་དུ་བཅུག་ཡོད། ཨར་སྐྲུན་གད་སྙིགས་ཐད་ང་ཚོས་འཕྲལ་མ་ཉིད་དུ་གཙང་སེལ་བྱས་པ་དང་། ཉིན་ལྟར་ལྟ་སྐུལ་དོ་དམ་དང་ཨར་སྐྲུན་ཚན་པས་དུས་བཀག་ལྟར་སྐོར་ཞིབ་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད་ཅེས་བཤད།
ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་མི་རིགས་ལྷོ་ལམ་དང་གླིང་སྐོར་ནུབ་ལམ་གྱི་ཡུལ་དངོས་སུ་ཤིང་སྡོང་གི་མཐའ་ཡི་མཛེས་བཟོ་དང་། མི་བགྲོད་ལམ་འདིང་བ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་འབྲེལ་ཡོད་ཚན་པ་ཁག་གིས་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་བསམ་ཇུས་གཅིག་བརྟན་པོར་བཙུགས་ཏེ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་མཉམ་འགུལ་ངང་ཐག་གཅོད་བྱེད་དགོས་པ་དང་། ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་གལ་ཆེའི་ཆ་ཤས་དང་། འགག་རྩའི་ལས་རིམ། སྤུས་ཚད་ཚོད་འཛིན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ལ་དུས་ཚོད་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཟླ་10ཚེས་29ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་ལམ་དུམ་དུ་ཨར་སྐྲུན་ལམ་དུམ་གཙང་ལ་གྲལ་འགྲིག་པ་དང་། ལས་བཟོ་བས་གོ་རིམ་ལྡན་ལ་ཡ་རབས་ངང་ཨར་སྐྲུན་བྱེད་པ། སྤུས་ཚད་བདེ་འཇགས་མི་སྣས་དུས་བཀག་ལྟར་སྐོར་ཞིབ་གང་ལེགས་བྱས་ཏེ་ལས་གྲྭའི་སྤུས་ཚད་དང་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ཡོད་ལ། མིག་སྔར་མི་རིགས་ལྷོ་ལམ་གྱི་གློག་སྒྲོན་བསྒར་ཟིན་པ་དང་། གླིང་སྐོར་ནུབ་ལམ་གྱི་མི་བགྲོད་ལམ་ཡང་བཏིང་ཟིན་གྲབས་ཡོད་ཅིང་། ཟླ་11པའི་ཟླ་འགོར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
གྲོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཀྱི་སྤྱི་གཉེར་བ་ཁྲེན་ཅ་ལིན་གྱིས་ཨར་སྐྲུན་ཕྱོགས་ཡིན་པའི་ང་ཚོས་རྣམ་གྲངས་ཚན་པ་དབར་གྱི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ཀྱི་ཨར་སྐྲུན་ཐོན་སྐྱེད་དང་འཕེལ་རིམ་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ཐད་ང་ཚོས་ཨར་ལས་བྱ་ཡུལ་གྱི་རྒྱུ་ཆར་ཨང་རྟགས་བསྒྲིགས་ནས་ཤེས་དཔལ་ལྡན་པའི་ངང་ཨར་ལས་ཡག་པོ་བྱས་ཏེ་ཟླ་བ་རྗེས་མའི་ཟླ་སྟོད་དུ་གླིང་སྐོར་ནུབ་ལམ་གྱི་མི་བགྲོད་ལམ་བུའི་ཆུ་སིམ་ས་ཕག་འདིང་བའི་ལས་འགན་ཚང་མ་ལས་མཇུག་འགྲིལ་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད། ཨར་ལས་བྱ་ཡུལ་གྱི་རྒྱུ་ཆ་ཚང་མ་གཙང་སེལ་བྱས་ནས་དམངས་ལ་ཁོད་ཡངས་ཀྱི་ལམ་བུ་བསྐུན་རྒྱུ་ཡིན། གཞན་ཡང་། ཡུལ་དངོས་སུ་ཨར་ལས་བྱེད་པའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད། རྣམ་གྲངས་འཛུགས་སྐྲུན་ཚན་པས་བདེ་འཇགས་སྐོར་ཞིབ་ཀྱི་ཆེད་དོན་ཚོགས་པ་དང་། སྤུས་ཚད་ཞིབ་བཤེར་གྱི་ཆེད་དོན་ཚོགས་པ་བཙུགས་ནས་ཉིན་ལྟར་ཡུལ་དངོས་ཀྱི་ཨར་ལས་ཁུལ་དུ་ཆུ་ཚོད་24ཡི་རིང་སྐོར་ཞིབ་བྱས་ཏེ། གནད་དོན་གང་ཞིག་ཡོད་པ་ཤེས་ཚེ་འཕྲལ་མར་བཅོས་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社