分享按钮

གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ལེགས་སུ་གཏོང་བ།

གྲོང་ཁྱེར་ནང་ཁུལ་གྱི་གློག་སྐུད་སྒམ་ལེཊ་སྒྲིག་བྱས་ཏེ་གཞུང་ལམ་ཡངས་ཤིང་འགྲུལ་བཞུད་བདེ་པོ་ཡོང་བར་བྱས་པ།

པར་འདི་ནི་ལས་དོན་པས་ནོར་བུ་གླིང་ཁ་ལམ་གྱི་ཉེ་འགྲམ་གྱི་གློག་སྐུད་སྒམ་བཤིག་བཞིན་པའི་རྣམ་པ་ཡིན།

གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།གྲོང་ཁྱེར་གྱི་རྣམ་པ་ཁྱོན་ཡོངས་ནས་དྭངས་གཙང་ཡོང་བ་དང་།གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ།ཕྱོགས་བསྡུས་ཀྱི་འགྲན་རྩོད་ནུས་པ་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ།གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་སྤུས་ཚད་དང་གཟུགས་བརྙན་ལེགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་།བདེ་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱ་ཆེད།རང་གྲོང་གིས་ཁྱོན་ཡོངས་ནས་གྲོང་ཁུལ་གྱི་རིགས་འདྲ་མིན་གྱི་གློག་སྐུད་སྒམ་ནང་འཇུག་པ་དང་།སྔོ་འགྱུར་ཁུལ་དུ་འཇུག་པ།ས་འོག་ཏུ་འཇུག་པ་དང་།མངོན་མེད་ཅན་དང་། དབྱིབས་ཆུང་ཅན།མཛེས་ལྗོངས་ཅན་བཅས་ཀྱི་འཇུག་པ་གསུམ་དང་ཅན་གསུམ་གྱི་ལས་དོན་སྤེལ་ནས་མི་དམངས་ལ་ཁོད་སྙོམས་པའི་ལམ་བུ་མཁོ་འདོན་བྱ་ཐུབ་རྒྱུའི་འགན་ལེན་བྱས་ཡོད།

ནོར་བུ་གླིང་ཁ་ལམ་དུ་ཀྲུང་གོ་གློག་འཕྲིན་ཚོཊ་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིའི་ལས་དོན་པས་ལམ་འགྲམ་གྱི་ཀྲུང་གོའི་གློག་འཕྲིན་སྒམ་བཤིག་བཞིན་ཡོད།ཁུལ་དེ་གར་ཀྲུང་གོ་གློག་འཕྲིན་གྱི་ལས་སྒོ་ཅུང་ཉུང་བས་ཀྲུང་གོ་གློག་འཕྲིན་ཚོཊ་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིས་ལས་སྒོ་ལེཊ་སྒྲིག་དང་མཉམ་འདྲེས་བྱས་པ་དང་འབྲེལ་དུས་ཐོག་ཏུ་སྟོང་པ་ཡིན་པའི་གློག་སྐུད་སྒམ་བཤིག་པ་དང་སྦྲགས།ཁུལ་དེའི་གཞུང་ལམ་རྒྱུད་ཀྱི་ལྗོན་ཤིང་ར་བ་ཡང་སྐྲུན་བཞིན་ཡོད་པས་ཕྱིས་སུ་སྔོ་འགྱུར་བྱ་རྒྱུར་ཡང་སྟབས་བདེ་བསྐྲུན་ཡོད་པ་རེད།

ཆ་ཚང་གཅིག་དང་ཚང་མ་བཞིའི་ལས་ཀའི་རྩ་དོན་གཞིར་བཟུང་གློག་སྐུད་སྒམ་སྔོ་འགྱུར་ཁུལ་དུ་འཇུག་པ་དང་། སྒོ་རའི་ནང་འཇུག་པ། གྱང་ནང་འཇུག་པའི་ཐད་ཀྲུང་གོ་གློག་འཕྲིན་ཚོཊ་པ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སིར་སྒམ་114དང་འབྲེལ་བ་ཡོད་པའི་ནང་གློག་སྐུད་སྒམ་60སྔོ་འགྱུར་ཁུལ་ཏུ་བཅུག་པ་དང་།(པར་ངོས་གསུམ་པར་གཟིཊ)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-04 གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ལེགས་སུ་གཏོང་བ། 6 6 拉萨日报藏文 c190350.html 1 གྲོང་ཁྱེར་ནང་ཁུལ་གྱི་གློག་སྐུད་སྒམ་ལེཊ་སྒྲིག་བྱས་ཏེ་གཞུང་ལམ་ཡངས་ཤིང་འགྲུལ་བཞུད་བདེ་པོ་ཡོང་བར་བྱས་པ། /enpproperty-->