分享按钮

ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་བ།

ཟླ་11ཚེས་1ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གི་བདེན་དཔང་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཚེན་ཧའོ་ཧུའེ་ལ་ཁོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་794པ་གནང་བ་རེད།

ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བསྐོ་གཞག་བྱས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཀྱིས་དེ་སྔ་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་ཡོན་ཀྲང་དུས་ཡུན་རིང་པོ་གནང་མྱོང་ཡོད། རྒྱལ་གཅེས་ཨའོ་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཁྲིམས་ལྟར་འགན་སྒྲུབ། རང་འགན་ནན་སྒྲུབ་བཅས་བྱས་ནས་ཨའོ་མོན་གྱི་དར་རྒྱས་དང་བརྟན་ལྷིང་གི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁྱེད་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ནང་ཞུགས་པ་ནས་བཟུང་། དངོས་གཉེར་དམངས་གཅེས་དང་གནད་དོན་ལ་ཁ་གཏད་བྱེད་ཕོད་པའི་རྣམ་པ་བཟང་པོ་མངོན་པ་དང་། འདེམས་བསྐོའི་ནང་ཞུགས་པའི་ཆབ་སྲིད་ཀྱི་རྩ་འཛིན་དང་སྲིད་སྐྱོང་གི་འདུ་ཤེས་དེ་ཨའོ་མོན་གྱི་དོན་དངོས་དང་མཐུན་ལ། རྒྱ་ཆེའི་ཨའོ་མོན་གྱི་གྲོང་མིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་ཡང་མཐུན་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-03 6 6 拉萨日报藏文 c190329.html 1 ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་བ། /enpproperty-->