ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་བསམ་པའི་འཕྲོད་བསྟེན་ཕན་བདེ་ཁང་དང་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ནན་གསུངས་གནང་དོན། ཏང་གི་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། བསམ་པའི་འཕྲོད་བསྟེན་ལས་དོན་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་གྲོང་ཨུད་ཀྱི་བླང་བྱ་ལག་བསྟར་བྱེད་པ། དམངས་འཚོའི་མ་མཐའི་མཚམས་ཐིག་ཏན་ཏིག་སྲུང་བ། ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བསམ་པའི་འཕྲོད་བསྟེན་ལས་དོན་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཉིན་ཤས་བསྟུད་མར། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུའི་ལྟེ་གནས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社