ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་29ཉིན་ནས་ཚེས་31ཉིན་བར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཞིའུ་ཁྲང་དང་བཅས་པ་རང་གྲོང་དུ་ཕེབས་ནས་འབྲེལ་ཡོད་རྫོང(ཆུས་དང་གླིང་ཁུལ)དང་། གཞུང་ཁོངས་ཁེ་ལས། རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་འཐབ་ས་མདུན་མར་བརྟག་ཞིབ་གནང་བ་དང་འབྲེལ།བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་གྲོང་གི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལས་དོན་སྐོར་གྱི་གནས་ཚུལ་དང་། དཀའ་ངལ། དེ་བཞིན་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བཅས་ཀྱི་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རང་གྲོང་གི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཐད་ཐོབ་པའི་གྲུབ་འབྲས་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་རང་གྲོང་གི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཐད་གནས་པའི་གནད་དོན་དང་ཞན་ཆ་བཏོན་ནས་རང་གྲོང་གི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཐད་ཁ་ཕྱོགས་གསལ་སྟོན་དང་། བསམ་ཕྱོགས་རྒྱ་བསྐྱེད། དཀའ་གནད་སེལ་བ། བྱ་ཐབས་ལེགས་སུ་གཏོང་བ་བཅས་སྔར་ལས་ལེགས་པ་ཡོང་བར་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
ཝེ་ཞིའུ་ཁྲང་གིས་གཞུང་ཁོངས་ཁེ་ལས་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་དཔུང་པ་གཡས་གཡོན་གཉིས་དང་འདྲ་ལ་ཆབ་སྲིད་ཀྱི་རྨང་གཞི་དང་དངོས་པོའི་རྨང་གཞི་གལ་ཆེན་ཞིག་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社