分享按钮

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་31ཉིན། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། ཚོགས་འདུར་ཕེབས་དགོས་པའི་འཐུས་མི་99དང་དངོས་སུ་ཕེབས་པའི་འཐུས་མི་83ཡོད་པས《ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》གི་གཏན་འབེབས་དང་མཐུན་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་གྱིས་མཇུག་འགྲིལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་དང་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཆེ། རྒྱུན་ལས་ལས་འཛིན་པ་བཅས་བདམས་ཐོན་བྱུང་བ་དང་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱིས་མིང་འདོན་བྱས་པའི་དྲུང་ཆེ་གཞོན་པར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ(འཆར་ཟིན)དང《ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》(བཟོ་བཅོས་འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་ཚུན། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱིས་སྦྲེལ་ཟམ་བྱས་པ་དང་། སློབ་དོན་ལ་དམ་འཛིན་བྱས་པ། ཞབས་ཞུ་བསྒྲུབས་པ་བཅས་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ལས་དོན་སྤེལ་བ་དང་།བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ཅེས་ནན་གསུངས་གནང་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-02 6 6 拉萨日报藏文 c190300.html 1 ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ། /enpproperty-->