ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་29ཉིན་གྱི་དགོང་མོར། མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲིའི་འཁྲབ་སྟོན་རྫོང(ཆུས)གི་འཁྲབ་སྟོན་དེ་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་སྤྱི་གཞོན་པ་ལི་ཅང་ཤིན། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་བཅས་དང་དེ་བཞིན་ལས་གནས་ཐོག་ཡོད་པའི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་གཞན་དག་དང་།ཁྲེང་ཀོན་ཆུས་དང་སྣེའུ་ཁུལ་གསར་ནས་ཕེབས་པའི་ལས་བྱེད་མང་ཚོགས་700ལྷག་ཙམ་དགའ་འཛོམས་བྱས་ནས་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
དགོང་མོའི་ཆུ་ཚོད་20ཡི་ཐོག་འཁྲབ་སྟོན་དངོས་སུ་འགོ་ཚུགས་ཤིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社