(པར་ངོས་དང་པོར་མཐུད)ཐོབ་ཐང་ལག་ཁྱེར་བཅས་ཚང་མ་འཁྱེར་མི་དགོས་པར་ཐད་ཀར་གདོང་བཤེར་ན་འགྲིག་གི་འདུག་པས། ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།
པེའར་ཤིས་མིག་ནད་ཚན་ཁག་སྨན་ཁང་དུ་གསར་འགོད་པས་སྨན་པ་སྒུག་ཁུལ་དུ་བང་བསྒྲིགས་ནས་སྒུག་མཁན་ཅུང་མང་པོ་ཡོད་ཀྱང་། སྨན་རིན་རྩིས་རྒྱག་སའི་སྐར་ཁུང་གི་མདུན་དུ་ནད་པ་ཉུང་ཉུང་ལས་མེད་པ་མཐོང་ཡོད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་ལས་དོན་པ་ཐན་ཅོན་གྱིས། འདི་ནི་IOTསྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་གདོང་བཤེར་སྒྲིག་ཆས་ལས་བྱུང་བའི་ཕན་པ་ཞིག་ཡིན་པས། འགན་བཅོལ་ནང་ཞུགས་མཁན་ནད་པ་མང་ཆེ་བས་སྐར་ཆ་ཁ་ཤས་ནང་སྨན་རིན་རྩིས་རྒྱག་ཐུབ་ཀྱི་ཡོད་ཅེས་བཤད།
ཐན་ཅོན་གྱིས། སྲོལ་རྒྱུན་གྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་ཐད་སྨན་བཅོས་འགན་བཅོལ་བྱང་བུ་འམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་རྩ་གཉིས་ཨང་རྟགས་སྟོན་དགོས་ཀྱི་ཡོད་པས། དབང་པོའི་ནུས་པ་ཉམས་པའི་རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་དཀའ་ངལ་ངེས་ཅན་ཞིག་འཕྲད་ཡོད། འོན་ཀྱང་། གདོང་བཤེར་གཏོང་སྤྲོད་ཀྱིས་གནད་དོན་དེ་ཐག་གཅོད་ནུས་ལྡན་ཐུབ་ཀྱི་ཡོད་པ་དང་། དམིགས་བསལ་ཚོགས་སྤྱིའི་སྨན་པ་བསྟེན་པ་དང་སྨན་ཉོ་བའི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་ཡོད། ད་ཆ་འགན་བཅོལ་ནང་ཞུགས་མཁན་གྱི་ངོས་ནས་བརྗོད་ན། གདོང་བཤེར་གཏོང་སྤྲོད་སྤྱད་དེ་སྨན་བཅོས་འགན་བཅོལ་གྱི་སྨན་རིན་གྱི་རྩིས་ལེགས་པར་རྒྱག་ཐུབ་ཀྱི་ཡོད་པས་སྨན་པ་བསྟེན་པའི་དུས་ཚོད་ཐུང་བ་དང་བང་སྒྲིག་པའི་དུས་ཚོད་རིང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅེས་བཤད།
ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རིག་ལྡན་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་བཏོད་པས། གདོང་བཤེར་གཏོང་སྤྲོད་དེ་ཉིད་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུ་གྲངས་གཞི་ཅན་དུ་སྒྱུར་བའི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་ཏུ་གྱུར་ཡོད། ཐན་ཅོན་གྱིས། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་གདོང་བཤེར་སྒྲིག་ཆས་74གནད་སྨིན་ངང་བེད་སྤྱོད་བྱས་པ་དེས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུ་རིག་ནུས་ཅན་དང་སྟབས་བདེ་ཅན་གྱི་དུས་སྐབས་གསར་པར་སླེབས་པ་མཚོན་ཡོད། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོས་སྐར་ཆ་ཁ་ཤས་ནང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ལས་དོན་ལེགས་འགྲུབ་ཐུབ་ཀྱི་ཡོད་པ་དང་། སྨན་བཅོས་དང་སྨན་ཉོ་བའི་ལས་དོན་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དྲ་སྦྲེལ་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་གཉེར་སྒྲུབ་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་མང་ཚོགས་ཚོས་གདོང་བཤེར་སྒྲིག་ཆས་ཡང་དག་སྤྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། སྨན་བཅོས་འགན་ལེན་གྱི་ལས་དོན་ཁག་སྟབས་བདེ་རུ་བཏང་ཡོད། སྨན་བཅོས་བྱེད་མཁན་མང་ཚོགས་དེ་བས་མང་བས་དྲ་ཐོག་གི་བྱ་ཐབས་བརྒྱུད་དེ། ཕྱིར་འགྲོ་མི་དགོས་པ་དང་མི་དངོས་སུ་འཕྲད་མི་དགོས་པར་མགྱོགས་མྱུར་ངང་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།
ཟླ་9ཚེས་1ཉིན་བར། ལྷ་སར་གདོང་བཤེར་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་རྒྱག་ཚད་ཐེངས་27000ཟིན་པ་དང་། གདོང་བཤེར་སྒྲིག་ཆས་ལ་བརྟེན་པའི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་བདེན་དཔང་14000ལྷག་ཙམ་ཟིན་ཡོད། གྲངས་གཞི་རབ་དང་རིམ་པ་འདི་ནི་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་རྒྱུན་ཆད་མེད་པར་གསར་གཏོད་འཚོལ་ཞིབ་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན།
ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་ཀྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་དེ་རྒྱུན་འཛིན་བྱས་ནས། སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་རྣམ་པ་དང་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་ཀྱིས་དེ་བས་ནུས་པ་ཆེ་བའི་ཞབས་ཞུ་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་འོད་ཟེར་ལྷ་སའི་གང་སར་འཕྲོ་ཐུབ་པར་བྱས་ཏེ་མི་དམངས་མང་ཚོཊ་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེད་འབད་བརྩོན་བྱ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社