(པར་ངོས་དང་པོར་མཐུད)
རང་རྒྱལ་གྱིས་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། སློབ་གསོ་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་དེ་འཛམ་གླིང་ཧྲིལ་པོའི་འབྲིང་རིམ་དང་མཐོ་རིམ་སློབ་གསོའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སློབ་གསོར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་ཚན་རིག་དང་མཐུན་པའི་སྒོ་ནས“མི་ཇི་ལྟ་བུ་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་མི་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པའི”རྩ་བའི་གནད་དོན་ལ་ལན་བཏབ་ཡོད། དེས་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་ཀྱི་བློར་འབབ་པའི་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་སྐྱེད་སྲིང་བྱེད་པ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་པ་བཅས་ཀྱི་ཕྱོགས་ལ་མཛུན་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社