分享按钮

སྟག་རྩེ་ཆུས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྟག་རྩེ་ཆུས་ཀྱིས་ཏང་གི་བཀའ་དྲིན་ལ་བསྟོད། དགོངས་དོན་གླེང་། མཐུན་སྒྲིལ་ཟབ་ཏུ་གཏོང་། དམངས་ལ་བརྩེ་བ་འཆང་ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་བྱེད་སྒོར་ཞུགས་པ་རེད།

སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་ཞིང་ཁའི་ནང་དུ་འཇམ་དབྱངས་བློ་གྲོས་ཀྱིས་འདི་ལོའི་འབྲུ་རིཊ་ཐོན་འབབ་དང་ཞིང་པའི་ཡོང་འབབ་སོཊ་ཀྱི་སྐོར་དྲིས་ཤིང་།ཁོང་གིས་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས་པ་དང་། གཞི་རིམ་ལས་བྱེད་པར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མང་ཚོགས་ལ་མཛུབ་ཁྲིད་དང་སྐུལ་ཁྲིད་བྱེད་དགོས་པ། མྱུར་བསྡུ་མྱུར་འདེབས་དང་ཞིང་ལས་ལག་རྩལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ལོ་ལེཊ་ཡོང་བར་འགན་ལེན་བྱེད་དགོས་པ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་ཞིང་འཕྲུལ་དང་། དངོས་རྫས། མི་ཤུཊ་སོཊ་ཀྱི་ཐད་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུར་ཤུཊ་སྣོན་བརྒྱབ་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་བང་མཛོད་དུ་འཇུག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

འཇམ་དབྱངས་བློ་གྲོས་ད་དུང་དང་བླངས་པ་ཚོ་དང་མཉམ་དུ་སྟོན་བསྡུའི་འཐབ་ས་དང་པོར་ཕེབས་ཤིང་། ཁོང་ཚོས་བཙས་མ་བརྔ་རོཊ་སོཊ་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་བསྒྲུབས་ནས་ངལ་རྩོལ་ནུས་ཤུཊ་ཞན་པའི་ཁྱིམ་ཚང་ལ་ལོ་ཏོག་བསྡུ་རོཊ་བྱས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-08 6 6 拉萨日报藏文 c187479.html 1 སྟག་རྩེ་ཆུས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->