分享按钮

ཁྲེང་ཀོན་ཆུས་དངུལ་པར་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ།

(པར་ངོས་དང་པོར་མཐུད)དངུལ་པར་གྲོང་ཚོས་དྲ་རྒྱ་དང་ཉེན་རྟོག་པ་མཉམ་འབྲེལ་གྱི་མཉམ་འགུལ་ལམ་སྲོལ་སྤྱད་དེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་དྲ་རྒྱ་མང་པོ་མཉམ་འདྲེས་བྱ་རྒྱུ་མངོན་འགྱུར་བྱས་ཏེ། སྣ་མང་མཉམ་སྐྱོང་གི་དྲ་རྒྱ་གཅིག་བརྟན་པོར་བཙུགས་ཡོད་པ་རེད། དངུལ་པར་གྲོང་ཚོའི་དྲ་རྒྱའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་དྲ་རྒྱ་ལྔ་ལུགས་མཐུན་ངང་དབྱེ་ནས་དྲ་རྒྱ་རེར་དྲ་རྒྱའི་དཔོན་རེ་དང་། ཆེད་གཉེར་དྲ་རྒྱ་པ་རེ། སྡེ་ཁུལ་གྱི་ལས་དོན་པ་རེ། ལས་འགན་གཅིག་ལྕོགས་གནང་མཁན་དྲ་མིག་པ་རེ་བཅས་བཀོད་སྒྲིག་བྱས་ཏེ། སྤྱི་བདེ་མི་དམངས་ཉེན་རྟོག་པ་སོགས་གཞི་རིམ་གྱི་དྲ་མིག་ཅན་དུ་འགྱུར་བར་གཅིག་གྱུར་ཐོག་འཆར་འགོད་བྱས་ནས་དྲ་བའི་ཞབས་ཞུ་ལེགས་སུ་བཏང་ཡོད་པ་རེད།

དྲ་མིག་ཅན་གྱི་དོ་དམ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ངོས་འཛིན་གསུམ་པ་ཤེས་རྟོགས་བྱེད་ཚད་དང་དེའི་ནང་ཞུགས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། དྲ་མིག་ཅན་གྱི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་མང་ཚོགས་ལ་སྤུས་ལེགས་དང་ནུས་ལྡན་གྱི་ཞབས་ཞུ་བསྒྲུབ་ཆེད། དངུལ་པར་གྲོང་ཚོས་མང་ཚོགས་ལ་དྲ་མིག་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དེ་བཞིན་དྲ་མིག་ཅན་གྱི་མི་དམངས་ཉེན་རྟོག་པའི་མིང་དང་འབྲེལ་གཏུགས་བྱེད་སྟངས་སོགས་ཀྱི་ཆ་འཕྲིན་ཚུད་པའི་དམངས་ཕན་འབྲེལ་གཏུགས་བྱང་བུ་པར་འགྲེམས་བྱས་ནས་མང་ཚོགས་ལ་བྱ་བ་ཡོད་ཚེ་དྲ་མིག་ཅན་འཚོལ་ཐུབ་པའི་འགན་ལེན་བྱས་ཏེ། ཐོན་ཁུངས་ཀྱི་སྟོབས་ཤུགས་འཐབ་ས་མདུན་མར་བསྡུ་སྒྲིལ་དང་། འཐབ་ས་མདུན་མར་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ། འཕྲལ་མཁོ་དང་དཀའ་ངལ་དག་འཐབ་ས་མདུན་མ་ནས་ཐག་གཅོད་བཅས་བྱས་ཏེ། དམངས་ཀྱི་རེ་འདོད་དང་སེམས་ཁྲལ་དུས་ཐོག་ཏུ་ཐག་གཅོད་ཐུབ་ཡོད་པ་རེད།

དངུལ་པར་གྲོང་ཚོའི་སྡེ་ཁུལ་གྱི་ལས་དོན་པ་དང་། དྲ་མིག་པས་དུས་བཀག་ལྟར་སྒོ་རྩར་ཕྱིན་ནས་ཞབས་འདེགས་ཞུ་བའི་བྱེད་ཐབས་སྤྱད་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་21ལ་དུས་ཐོག་ཏུ་ཞབས་ཞུ་བསྒྲུབས་པ་དང་། དུད་ཚང་དུ་བཅར་འདྲི་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་མིའི་སེམས་ཁྲལ་བྱེད་པའི་གནད་དོན་2དུས་ཐོག་ཏུ་ཤེས་རྟོགས་བྱས་པ་དང་། སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་པས་དྲ་རྒྱའི་ནང་སྤྱི་ཚོགས་ཀྱི་བདེ་འཇགས་དང་། འབྲུབ་འགོག་དང་མེ་འགོག བཟའ་བཅའི་བདེ་འཇགས་སོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་ཐེངས་30ལྷག་ཙམ་བྱས་པ་དང་། དུས་རྒྱུན་དུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱས་ཏེ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་དམངས་ལ་ཕན་བདེ་མི་ཉུང་བ་ཞིག་བསྐྲུན་པ་རེད།

མཉམ་འགུལ་ཆུང་ངུ་མངོན་འགྱུར་བྱས་པ།

མཉམ་སྐྲུན་དང་མཉམ་སྐྱོང་བྱས་པ།

དངུལ་པར་གྲོང་ཚོས་ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པ་དང་མཉམ་འབྲེལ་བྱས་ནས་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ་བཙུགས་ཏེ། དུས་ཚིགས་ལྟར་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས། དམངས་འཚོའི་དངོས་ཡོད་ཀྱི་དོན་ཆུང་ཐག་གཅོད་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་སྡེ་ལས་དང་མཉམ་དུ་སྲོག་ཤིག་གཅིག་དང་སྣ་མང་ཅན་གྱི་དོ་དམ་ལམ་སྲོལ་བཙུགས་ནས་དུས་རྒྱུན་དུ་ཡུལ་མི་དང་གྲོས་མོལ་གྱི་ལས་དོན་སྤེལ་བ་རེད། ད་ལོ་ནས་བཟུང་། ཁོངས་གཏོགས་ཁུལ་གྱི་ལམ་སྒྲོན་ལ་སྐྱོན་ཤོར་བ་དང་། རླངས་འཁོར་གང་བྱུང་དུ་འཇོག་པ། ཆུའི་སྦུ་གུ་རྡོལ་ནས་ཆུ་འཛག་པ། ལམ་ངོས་ཉམས་གསོ་སོགས་དམངས་འཚོའི་གནད་དོན་20ལྷག་ཙམ་ཐག་གཅོད་ཤུགས་ཆེན་བྱས་ཡོད།

དངུལ་པར་གྲོང་ཚོས་ཚོང་དུད་མཉམ་འགུལ་གྱི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཚོང་དུད་ལ་བདེ་འཇགས་དོ་དམ་སོགས་ཀྱི་ཞབས་ཞུ་བསྒྲུབས་པ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་ཐོན་ཁུངས་སྔོག་འདོན་བྱས་ནས་ཚོང་དུད་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དངུལ་པར་གྲོང་ཚོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་10བཏང་ནས་མི་10ཡི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། དངུལ་པར་གྲོང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་རོགས་རམ་བྱས་ཡོད། ཚོང་དུད་ལ་ཕན་པ་ཐོབ་པ་དང་ཁེ་སྤོགས་ལོངས་སུ་སྤྱོད་པ་དང་། གྲོང་མིས་སྟབས་བདེ་བའི་ཞབས་ཞུ་ལོངས་སུ་སྤྱོད་པ། སྡེ་ཁུལ་མཉམ་སྐྲུན་དང་མཐོར་འདེགས་ལོངས་སུ་སྤྱོད་པ་བཅས་མངོན་འགྱུར་ཡོང་བར་བྱས་ནས་ཕྱོགས་གཉིས་ཀར་སྐྱོད་ཐུབ་པར་བྱས་ཡོད། གཞན་ཡང་དངུལ་པར་གྲོང་ཚོས་སྒྲོལ་མ་འདུམ་འགྲིག་ཁང་དངུལ་པར་ཡན་ལག་ཁང་གསར་གཏོད་དང་འཐུས་ཚང་དུ་བཏང་ནས་བཅའ་ཁྲིམས་ཤེས་མཁན་དང་། དྲ་མིག་གི་མི་དམངས་ཉེན་རྟོག་པ། རོགས་སྐྱོར་ཁྲིམས་རྩོད་པ། ཏང་ཡོན་རྒན་གྲས། གྲོང་གསེབ་ཀྱི་ཤེས་པ་ཅན་སོགས་འདུམ་འགྲིག་པའི་དཔུང་ཁག་ནང་བཅུག་པ་དང་། གྲོང་ཚོའི་ལས་བྱེད་པ་དང་། དྲ་མིག་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་ཀྱི་སྟོབས་ཤུགས་མཉམ་འདྲེས་བྱས་ཏེ། རང་སྐྱོང་རྨང་གཞིར་བྱེད་པ་དང་། ཁྲིམས་སྐྱོང་གཞི་འཛིན་སར་བྱེད་པ། སྤྱོད་བཟང་གིས་སྣེ་ཁྲིད་བྱེད་པ་བཅས་མི་12ཀྱི་འདུམ་འགྲིག་ཞབས་ཞུའི་དཔུང་ཁག་མ་ལག་ཅིག་ཆགས་པ་རེད། གྲོང་མི་དང་མཉམ་དུ་དོན་ཆེན་དང་དོན་ཆུང་ལ་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། 2024ལོར། དངུལ་པར་གྲོང་ཚོས་ཁྱོན་རིགས་ཁག་གི་དམངས་ཁྲོད་ཀྱི་རྩོད་གཞི་28ལ་འདུམ་འགྲིག་བྱས་པར་རྩོད་གཞི་26ལ་འདུམ་འགྲིག་ལེགས་གྲུབ་བྱུང་ནས་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་བརྒྱ་ཆ་96ཟིན་ཡོད་པ་རེད།

ལས་སྟེགས་ཆུང་ངུ་བཙུགས་པ།

དམངས་ལ་ཞབས་འདེགས་ཞུ་བའི་འཁོར་རྒྱ་བཏོད་པ།

དངུལ་པར་གྲོང་ཚོས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ལྟེ་བར་བྱས་ཏེ། ལས་སྟེགས་ཆུང་ངུ་བཞི་བསྐྲུན་ནས་དངུལ་པར་གྲོང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བདེ་སྐྱིད་ཀྱི་འཁོར་རྒྱ་ནུས་ཤུཊ་ཡོད་རྒུས་བཏོད་དེ།ཏང་འཛུཊ་སྐྱོང་གིས་ཞབས་ཞུ་ཆུང་ངུས་མང་ཚོགས་ལ་བདེ་སྐྱིད་ཆུང་ངུ་ཡོང་བར་སྣེ་ཁྲིད་ཏན་ཏིག་བྱེད་ཀྱི་ཡོད་པ་རེད།

དངུལ་པར་གྲོང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཏང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ས་ཚིགས་དང་།དང་བླངས་ཞབས་ཞུའི་རུ་ཁག་གི་ལས་སྟེགས་བཏོད་ནས་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་མཐུད་སྦྲེལ་བྱས་ཐོག་མང་ཚོགས་ལ་ཞབས་འདེཊ་ཞུ་བར་བར་ཐག་མེད་པ་དངོས་འབྲེལ་མངོན་འགྱུར་ཡོང་བར་བྱས་ཡོད།

དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས་ཏང་དང་མང་ཚོགས་ཀྱི་བྱེད་སྒོའི་ལས་སྟེགས་བསྐྲུན་ཞིང་། དངུལ་པར་གྲོང་ཚོས་ང་ཚོའི་དུས་ཆེན་ཞེས་པའི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྣ་ཚོགས་གཏིང་ཟབ་སྤེལ་བ་དང་། ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྣ་ཚོཊ་སྤྱད་དེ་ཉེ་འཁོར་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ། མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་སྣེ་ཁྲིད་བྱེད་པ། ཉེ་འགྲམ་གྱི་མི་དང་། སྤྱིར་བཏང་གི་བྱ་བ། བརྩེ་དུང་ངོ་མ། དྲང་ནུས་བཅས་མངོན་གསལ་དོད་དུ་བཏང་ནས་སྤྱི་ཚོཊ་ཀྱི་དར་སྲོལ་བཟང་པོ་སྐྱེད་སྲིང་བྱས་པ་དང་གྲོང་གསེབ་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱས་པ་རེད།

དངུལ་པར་གྲོང་ཚོས་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་བཙུགས་ནས་གྲོང་མིར་ཕྱོགས་བསྡུས་ལས་སྒོའི་ལས་སྟེགས་བཏོད་པ་དང་། ལས་སྒོ་ཁག་ཐེངས་གཅིག་ལ་གཉེར་ཐུབ་པར་བྱས་ནས་གྲོང་མིས་མང་ཤོས་ལ་ཐེངས་གཅིག་ཕྱིན་ཏེ་སྐར་ཁུང་གཅིག་ནས་ལས་སྒོ་གཉེར་ཐུབ་པར་བྱས་ཡོད་ཅིང་། འགྲོ་སྐྱོད་མི་བདེ་བའི་གྲོང་མིར་སྒོ་རྩར་ཕྱིན་ནས་ཞབས་འདེགས་ཞུ་ཡི་ཡོད།ལས་ཀ་བྱེད་པའི་དུས་ཚོད་ནང་ལས་སྒོ་གཉེར་མི་ཐུབ་པའི་གྲོང་མིར་དུས་ཚོད་ནར་འགྱངས་བྱས་ནས་ཞབས་འདེགས་ཞུ་ཡི་ཡོད་ཅིང་། 2024ལོར། དངུལ་པར་གྲོང་ཚོས་ཁྱོན་སྒོ་རྩར་ཞབས་འདེགས་ཞུ་ཐེངས་100ལྷག་ཙམ་ཟིན་པ་དང་དུས་ཚོད་ནར་འགྱངས་བྱས་པའི་ཡུལ་མི་150ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།

དངུལ་པར་གྲོང་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་སྒྱུར་བཀོད་རིམ་སྤོར་བྱས་ནས་གྲངས་འཛིན་ཆ་འཕྲིན་ཅན་གྱི་ལས་སྟེཊ་བཏོད་ཅིང་། གྲོང་ཚོ་དེ་གས་རྒྱང་རིང་ཚོགས་འདུ་དང་བརྙན་ལམ་ཐོག་ནས་བཀོད་གཏོང་སོགས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་བྱེད་ཐབས་བརྒྱུད་མངའ་ཁུལ་གྱི་མ་ལམ་གཙོ་བོ་དང་། ནགས་ཚལ་གྱི་མེ་ཟོན། མི་སྣར་དོ་དམ། རང་བྱུང་གི་གནོད་འཚེ་སོཊ་ཐོན་ཡུལ་ལ་དུས་ཐོག་ཏུ་དབྱེ་ཞིབ་དང་བརྡར་ཤ་གཅོད་ཀྱི་ཡོད། ཁྲོམ་གཞུང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ལས་བྱེད་པས་གྲོང་ཚོ་ཡོངས་ཁྱབ་ཀྱི་རིག་ནུས་བརྙན་ལམ་ཚོཊ་འདུའི་མ་ལག་བརྒྱུད་དུས་ཐོག་ཏུ་འབྲེལ་གཏུགས་སྤེལ་རེས་བྱས་ཏེ་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་འདི་ཉིད་གོ་རིམ་ལྡན་ཞིང་ཕན་འབྲས་ཆེ་བ་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

(《བོད་ལྗོངས་ཉིན་རེའི་ཚགས་པར》གཞིར་བཟུང)

(པདྨ་རྒྱལ་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-01 6 6 拉萨日报藏文 c187545.html 1 ཁྲེང་ཀོན་ཆུས་དངུལ་པར་གྲོང་ཚོས་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ། /enpproperty-->