(2024ལོའི་ཟླ་8ཚེས་29ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་བ)
ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་ཟླ་བས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་གནང་བའི《ལྷ་ས་གྲོང་ཁྱེར་གྱི་2023ལོའི་ནོར་སྲིད་གཏོང་ཡོང་ངེས་རྩིས་དང་2024ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར》གསན་པ་དང་། ཚོགས་འདུའི་ཐོག་རྩིས་བཤེར་ལས་དོན་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་2023ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས(འཆར་ཟིན)ལ་ཞིབ་བཤེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་བཏོན་པའི་ཞིབ་བཤེར་བྱས་འབྲས་སྙན་ཞུར་མོས་མཐུན་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱི་2023ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་ཐག་བཅད།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社