ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཚེས་28ཉིན།གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།དབྱར་ཁའི་གུང་གསེང་གི་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན།ཟླ་7ཚེས་1ནས་ཟླ་8ཚེས་27ཉིན་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་8.31སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་5.9འཕར་བ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1433སྐྱེལ་འདྲེན་བྱས་ཡོད་པ་རེད། ལྕགས་ལམ་ཚོགས་པས་དབྱར་སེང་རིང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ལས་དོན་གྱི་ཇུས་གཞི་ཞིབ་ཚགས་བཟོས་ནས་སྐྱེལ་འདྲེན་གྱི་ནུས་པ་ཤུགས་ཆེར་བཏང་བ་དང་ཕྱིར་སྐྱོད་ཐད་ཞབས་ཞུ་ལེགས་སུ་བཏང་སྟེ།ཐབས་མང་མཉམ་སྤྱོད་ཀྱིས་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོའི་དབྱར་ཁའི་གུང་གསེང་སྐབས་སློབ་མ་དང་།ཡུལ་སྐོར།གཉེན་ཉེ་ཐུག་འཕྲད་སོགས་འགྲོ་སྐྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ནས་ལྕགས་ལམ་གྱི་འགྲུལ་རྒྱུན་མཐོན་པོ་རྒྱུན་འཁྱོངས་ཐུབ་ཡོད།མིག་སྔར།དབྱར་ཁའི་གུང་གསེང་མཇུག་འགྲིལ་ཉེར་ཡོད་པ་དང་རྒྱལ་ཡོངས་ཀྱི་སློབ་གླིང་ཆེ་གྲས་ཁག་གི་སློབ་འགོ་ཚུགས་ཉེར་ཡོད་པས་ལྕགས་ལམ་ཐོག་སློབ་མའི་འགྲུལ་པ་མང་ཤོས་སུ་སླེབས་ཡོད། སྔོན་དཔག་བྱས་ན་ཟླ་8ཚེས་26ཉིན་ནས་ཟླ་9ཚེས་10ཉིན་བར་སློབ་མ་འགྲུལ་པ་མི་ཐེངས་ཁྲི་650སྐྱེལ་རྒྱུ་ཡིན་པ་རེད།
འགྲུལ་པའི་འགྲོ་སྐྱོད་ལ་ཞབས་འདེགས་དེ་བས་ལེགས་པར་བསྒྲུབ་ཆེད།རྒྱལ་ཁབ་ལྕགས་ལམ་ཐའེ་ཡོན་ཅུས་ཚོགས་པ་ཀུང་སིས་མཐོ་རླབས་རི་མོའི་སྐྱེལ་འདྲེན་རྣམ་པ་གཞིར་བཟུང་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ།དབྱར་སེང་རིང་གི་འགྲུལ་རྒྱུན་གྱི་དོན་དངོས་ལ་དམིགས་ཏེ་ཕིང་ཡའོ་དང་རི་བོ་རྩེ་ལྔ་བར་གྱི་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་ནས་དབྱར་གསེང་དུས་ཀྱི་ཡུལ་སྐོར་འགྲོ་སྐྱོད་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པར་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཀུང་སིས་ལྷོ་ཕྱོགས་གློག་དྲའི་ཀུའེ་ཀྲོའུ་ཤིན་དབྱི་གློག་འདོན་ཅུས་དང་མཉམ་ལས་དམ་ཟབ་བྱས་ཏེ་ཏང་ཡོན་ཞབས་ཞུའི་རུ་ཁག་དང་གཞོན་ནུ་དང་བླངས་པའི་ཞབས་ཞུའི་རུ་ཁག་སྒྲིག་འཛུཊ་བྱས་ནས། ཤིན་དབྱི་ས་ཚིགས་དང་སེ་ཧེང་ས་ཚིགས་སོགས་མེ་འཁོར་འབབ་ཚུགས་དང་དེ་བཞིན་དོ་དམ་ནང་ཁུལ་གྱི་ལྕགས་ལམ་ལམ་རྒྱུད་ཀྱི་གློག་གཏོང་སྒྲིག་བཀོད་ལ་བདེ་འཇཊ་སྐོར་ཞིབ་བྱས་ནས་དབྱར་གསེང་སྐྱེལ་འདྲེན་རིང་ལྕགས་ལམ་གློག་ཤུགས་མཁོ་སྤྲོད་བརྟན་པོ་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཚོགས་པ་ཀུང་སིའི་ཧྲེན་ཀྲེན་བྱང་ས་ཚིགས་སུ་སློབ་མའི་ཆེད་དོན་སྐར་ཁུང་བཙུགས་ནས་ཞབས་ཞུའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སློབ་མ་དང་འགྲུལ་པ་ཚོས་སྤ་སེ་ཉོ་རྒྱུར་སེམས་ཁྲལ་མེད་པའི་འགན་ལེན་བྱས་པ་དང་།
དུས་མཚུངས་ཀོང་ཀྲོའུ་ལྕགས་ལམ་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲགས་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མ་དང་འགྲུལ་པ་གོ་རིམ་ལྡན་པའི་སྒོ་ནས་འབབ་ཚུཊ་སུ་འཛུལ་ནས་མེ་འཁོར་ལ་སྡོད་རྒྱུར་ཁྲིད་སྟོན་བྱས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社