(པར་ངོས་དང་པོར་མཐུད)ཞེ་ཁྲེང་ལས་སྟེགས་ནི་མིག་སྔར་རྒྱལ་ནང་གི་ཆེས་ཆེད་ལས་ཅན་གྱི་ཡུལ་སྐོར་ལས་སྟེཊ་ཤིག་ཀྱང་ཡིན་པས་ཧ་ཅང་སྟབས་བདེ་པོ་ཡོད།གལ་ཏེ་བསྟུད་མར་ཞག་མ་གསུམ་བསྡད་ན་ཁ་གསབ་སྒོར་300ཡོད་པས་མགྲོན་ཁང་ནང་སྡོད་ཚད་མཐོ་རུ་གཏོང་ཐུབ་པ་དང་། བོད་དུ་ཡུལ་སྐོར་དུ་ཡོང་མཁན་ཡུལ་སྐོར་བས་ཀྱང་གཟིགས་སྐྱོང་སྲིད་ཇུས་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པར་མ་ཟད། མགྲོན་ཁང་དང་ཡུལ་སྐོར་བ་ལ་མཚོན་ན་ཁེ་བཟང་ཡོད་ཅེས་བཤད།
སྟོན་དཔྱིད་གསོ་རླུང་གསོལ་མགྲོན་ཁང་དུ་སི་ཁྲོན་ནས་ཡོང་བའི་ཨ་ཅག་ཅང་ལགས་ཀྱིས་ཞག་སྡོད་འགྲོ་ལུགས་གཉེར་བཞིན་ཡོད་པ་དང་། ཞེ་ཁྲེང་ལས་སྟེགས་བརྒྱུད་ཞག་སྡོད་འགྲོ་ལུགས་གཉེར་བས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་བྱུང་བ་རེད། ཞེ་ཁྲེང་ལས་སྟེགས་བརྒྱུད་བསྟུད་མར་ཉིན་3སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)དང་། གསེར་དངུལ་ཟངས་རིམ་པའི་ཁྱིམ་ཚང་མགྲོན་ཁང་། ཀ་པ་དང་། ཁ་པ། ག་པ་བཅས་རིམ་པའི་དམངས་སྲོལ་གནས་ཚང་ནང་སྡོད་མཁན་གྱི་ཡུལ་སྐོར་བར་ཉིན་རེར་ཁ་གསབ་སྒོར་100སྤྲད་ཀྱི་ཡོད་པ་དང་། རིམ་རྩིས་བྱས་ན་སྒོར་400ལས་མི་བརྒལ་བའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། ཨ་ཅག་ཅང་ལགས་ཀྱིས་ང་ནི་སི་ཁྲོན་ནས་ཡོང་བ་ཡིན། གུང་གསེང་སྐབས་དང་བསྟུན་ནས་ཉིན་ཁ་ཤས་རྩེད་མོ་རྩེ་བར་ཡོང་བ་ཡིན།ཞེ་ཁྲེང་ལས་སྟེགས་བརྒྱུད་སྟོན་དཔྱིད་གསོ་རླུང་གསོལ་མགྲོན་ཁང་གི་ཁང་པ་སྔོན་མངགས་བྱས་པ་དང་། ཉིན་5ཡི་སྔོན་མངགས་བྱས་པས་དངུལ་སྤྲོད་སྐབས་ཐད་ཀར་སྒོར་400གཟིགས་སྐྱོང་བྱས་བྱུང་།སྲིད་ཇུས་དེ་ཡག་པོ་འདུག་པས་ད་ཐེངས་ཀྱི་ཡུལ་སྐོར་སྐྱོད་པོ་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད།
ཡུལ་སྐོར་རྫོགས་ལྡན་དུས་ཚིགས་དེ་འཛད་སྤྱོད་རྫོཊ་ལྡན་དུས་ཚིགས་སུ་དངོས་འབྲེལ་བསྒྱུར་ཆེད། རང་གྲོང་གིས་གོ་སྐབས་ལ་དམ་འཛིན་བྱས་ཏེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུཊ་སྔོག་འདོན་དང་། འཛད་སྤྱོད་ཀྱི་འདོད་མོས་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ལྷག་པར་དུ་བསྟུད་མར་ཉིན་3དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)དང་། གསེར་དངུལ་ཟངས་རིམ་པའི་ཁྱིམ་ཚང་མགྲོན་ཁང་། ཀ་པ་དང་། ཁ་པ། ག་པ་བཅས་རིམ་པའི་དམངས་སྲོལ་གནས་ཚང་བཅས་སུ་སྡོད་མཁན་གྱི་ཡུལ་སྐོར་བར་ཁ་གསབ་སྤྲོད་པ་དང་། སློབ་ཆེན་སློབ་མར་དམིགས་ཏེ་སློབ་ཆེན་སློབ་མའི་ཡུལ་སྐོར་རྒྱན་བསོད་གཱ་སྤྲོད་པ། དེའི་གནད་སྨིན་རྒྱབ་སྐྱོར་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཁོ་སྤྲོད་དང་དགོས་མཁོའི་སྣེ་གཉིས་ནས་ནུས་ཤུགས་འདོན་པ་དང་མཁོ་སྤྲོད་ཕྱོགས་དང་དགོས་མཁོའི་སྣེ་གཉིས་མཉམ་འགུལ་བཟང་པོ་བྱེད་པའི་ཁྲོམ་རའི་ལམ་སྲོལ་སྐྱེད་སྲིང་བྱས་ནས། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་། འཛད་སྤྱོད་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། འཛད་སྤྱོད་ཀྱི་འདུ་ཤེས་སྐྱེད་སྲིང་བཅས་བྱས་ཏེ་འཛད་སྤྱོད་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་པར་མ་ཟད། ཡུལ་སྐོར་བས་དྲ་ཐོག་ནས་གཟིཊ་སྐྱོང་འཛིན་ཤོག་ལེན་པ་དང་། དྲ་ཕྱི་ནས་ལྟ་སྐོར་བྱེད་པའི་རྣམ་པ་བརྒྱུད་སྟབས་བདེའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཉམས་ལེན་ཧུར་ཐག་བྱས་ནས་མང་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར།
ཞག་སྡོད་འཛད་སྤྱོད་འཛིན་ཤོག་8500ལྷག་ཙམ་ཞིབ་བཤེར་ཐོ་སུབ་བྱས་པ་དང་། ཁ་གསབ་སྒོར་ཁྲི་305ལས་བརྒལ་བ་སྤྱད་པ། ཞིབ་བཤེར་ཐོ་སུབ་ཀྱི་སྤྱིའི་དངུལ་གྲངས(ཚོང་ཁང་ནས་བྲལ་བའི་ཚད་གཞི)སྒོར་ཁྲི་207ལས་བརྒལ་བ། ཐད་ཀར་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་སྤྱིའི་དངུལ་གྲངས་སྒོར་ཁྲི་1500ལས་བརྒལ་བ། འཛད་སྤྱོད་སྐུལ་ཁྲིད་བྱེད་ཚད་ལྡབ་5ཟིན་ཡོད། གྲངས་གཞིའི་ཡུལ་སྐོར་གཱ་60ལྷག་ཙམ་བཙོངས་ཟིན་པ་དང་། སློབ་ཆེན་སློབ་མའི་རེས་སྐོར་གཉིས་ཀྱི་ཡུལ་སྐོར་རྒྱན་བསོད་གཱ་400སྤྲད་ཟིན་པ་དང་ཆ་སྙོམས་རེས་སྐོར་རེར་མིང་ཐོ་འགོད་མཁན་ཁྲི་3.8ཟིན་ཡོད་པ་རེད། ལྷག་པར་དུ་ཞོ་སྟོན་རིང་ལྷ་སར་དྲ་ཐོག་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི་33.5ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་37.86འཕར་ཡོད་པ་དང་། དྲ་ཐོག་ཡུལ་སྐོར་འཛད་སྤྱོད་བསྡོམས་འབོར་སྒོར་དུང་ཕྱུར་1.09ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་60.79འཕར་ཡོད་པ་རེད།
སྟོན་དཔྱིད་གསོ་རླུང་གསོལ་མགྲོན་ཁང་གི་སྤྱི་ཁྱབ་ཅིང་ལི་དབྱང་ཡན་རུའུ་ཡིས་ད་ཐེངས་ཀྱི་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྤྲད་པ་དེས་འཛད་སྤྱོད་པའི་འགྲོ་སྐྱོད་ཀྱི་འདོད་པ་ཆེ་རུ་ཕྱིན་པར་མ་ཟད། ང་ཚོའི་མགྲོན་ཁང་ལའང་སྔོན་མངགས་བྱེད་ཚད་མང་དུ་ཕྱིན་ཡོད། ཡུལ་སྐོར་བ་མང་པོ་ཞིག་གིས་འཛད་སྤྱོད་འཛིན་ཤོག་གི་གཟིགས་སྐྱོང་དབང་གིས་ང་ཚོའི་མགྲོན་ཁང་བདམས་པས་ང་ཚོའི་མགྲོན་ཁང་ནང་ཞག་སྡོད་ཀྱི་འགན་ལེན་ཐུབ་ཡོད། མ་ཟད་ཉིན་3ཡན་བསྟུད་མར་ཞག་སྡོད་བྱེད་ཚད་དེ་ན་ནིང་དང་བསྡུར་ན་དུས་མཚུངས་ལས་བརྒྱ་ཆ་32.8འཕར་ཡོད་ཅིང་། ཟླ་6པ་དང་། ཟླ་7པ། ཟླ་8པ་བཅས་ལ་ང་ཚོའི་མགྲོན་ཁང་ནང་ཞག་སྡོད་བྱེད་མཁན་བརྒྱ་ཆ་95ཟིན་གྱི་ཡོད་ཅིང་། དེ་ནི་ཚོང་ལས་ཀྱི་གོ་སྐབས་བཟང་པོ་ཞིག་ཡིན་པས་ང་ཚོར་ལྷ་སར་མ་འཇོག་ལས་དར་བྱེད་པའི་ཡིད་ཆེས་ཆེ་རུ་ཕྱིན་སོང་ཞེས་བཤད།
ཞེ་ཁྲེང་ཚོགས་པའི་སྲིད་གཞུང་མཉམ་ལས་པུའི་བོད་ལྗོངས་ཁྲོམ་རའི་སྤྱི་ཁྱབ་ཅིང་ལི་ལིའུ་ཐིང་གིས་ད་ཆ་ཡུལ་སྐོར་བ་ཁྲི་2ལྷག་ཙམ་ལ་ཁ་གསབ་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང་བར་མ་ཟད། ལྷ་སར་ཉིན་3ཡན་ཞག་སྡོད་བྱེད་མཁན་ལ་སྤྲད་པའི་གཟིགས་སྐྱོང་སྲིད་ཇུས་ལས་སྒོར་ཁྲི་2400ཙམ་གྱི་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་ཁྲིད་ཐུབ་ཡོད། འཛད་སྤྱོད་པའི་གཟིགས་སྐྱོང་འཛིན་ཤོག་གི་སྐུལ་ཁྲིད་འོག་ཡུལ་སྐོར་བ་ལྷ་སར་སྡོད་པའི་དུས་ཚོད་སྔར་བས་རིང་དུ་ཕྱིན་ནས་ལྷ་སའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རིམ་བཞིན་མྱོང་རོལ་བྱེད་པ། གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་སྣ་མང་ཅན་གྱི་རིག་གནས་ལ་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པར་བྱུང་ཡོད་ཅེས་བཤད།
2024ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་འདུ་ཤེས་ཆེན་པོ་ལྔ་དང་འཕེལ་རྒྱས་མཉམ་གཏོང་ལྔའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ས་ཁོངས་ཡོངས་རྫོགས་ཡུལ་སྐོར་འཕེལ་རྒྱས་ཀྱི་གཞི་རྟེན་དང་ལས་སྟེགས་སུ་བརྩིས་ནས་ཡུལ་སྐོར་དེ་རྒྱུན་རྣམ་ཅན་གྱི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་བར་བྱས་ཡོད་ལ། རིག་གནས་ཡུལ་སྐོར་ཁྲོམ་རས་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་ཡོང་མཁན་གྱི་རླངས་འཁོར་འཇོག་དཀའ་བ་དང་། འཛད་སྤྱོད་ལ་སྐུལ་མ་གཏོང་ལུགས་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་སྡེ་ཚན་གྱི་དོ་དམ་ཞབས་ཞུའི་འགན་འཁྲི་འདོན་སྤེལ་ཏན་ཏིག་བྱས་ནས་མཐུན་སྦྱོར་ཧུར་ཐག་དང་རང་འགུལ་ངང་སྐད་ཆ་བཤད་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་པོ་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་འགན་ལེན་བྱས་ཡོད། འདི་ལོའི་ལོ་མགོར་རང་གྲོང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1730.46ལ་སྣེ་ལེན་ཞུས་པ་དང་། དུས་མཚུངས་ལས་བརྒྱ་ཆ་20.67འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་218.34ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་16.01འཕར་ཡོད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社