(པར་ངོས་དང་པོར་མཐུད)དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།
ཀྲའོ་ཧུའེ་ཉན་གྱིས་བོད་ལྗོངས་ལས་དོན་གྱི་དུས་ཐེངས་ལྔ་རྩེག་སྣོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཀྱི་མདུན་དུ་ལྷ་ས་ནི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཧ་ཅང་ཛ་དྲག་དང་རྙོག་འཛིང་ཆེན་པོ་འཕྲད་ཡོད། དེར་བརྟེན།ལྷ་ས་གྲོང་ཁྱེར་གྱི་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་མཐུན་ཚོགས་ཀྱིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བདེ་སྡོད་ཉེན་བསམ་དང་ཉེན་བརྡ་ཡུན་རིང་གྲགས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་།དོན་ཆེན་བཞི་ལ་དམིགས་པ་དང་། འཛུགས་གཏོད་བཞི་ལ་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ།གདོང་དམག་བདུན་ཡག་པོ་བྱེད་པ། རྩ་དོན་ལྔ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཆེན་པོ་བཞི་ལག་བསྟར་བྱེད་པ། ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁྲི་ཁུར་ཕོད་པ། བྱ་སྤྱོད་ལེགས་པོ་སྒྲུབ་པ་བཅས་བྱས་ཏེ།དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཡན་ཨན་གྱི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་གསོ་སྐྱོང་དང་། བླ་སྲོག་གཏོད་པ།སྟོབས་ཤུགས་བསྡུ་ལེན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡན་ཨན་གྱི་སྙིང་སྟོབས་ལྷ་སའི་ས་གཞི་ཆེན་མོའི་ཐོག་སྔར་བས་འོད་ཆེམ་ཆེམ་དུ་འཕྲོ་ཐུབ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཁྱེར་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་མཐུན་ཚོགས་ཀྱིས་འགན་འཁྲི་སྔར་བས་དམ་དུ་བཏང་ནས་དངོས་སྒྲུབ་དངོས་གཉེར་བྱས་ཏེ་ཡན་ཨན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱ་སྤྱོད་མཐའ་དག་རྩ་བ་ཚུགས་ནས་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། མགྱོགས་མྱུར་དང་ལས་ཆོད་ཆེན་པོའི་སྒོ་ནས་ལྷ་ས་གྲོང་ཁྱེར་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་སྒྲིག་འཛུགས་བྱས་ནས་སྐོང་འཚོག་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ལྷ་སར་རྒྱུན་འཛིན་དང་ལག་ལེན་བྱེད》ཅེས་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བཟོ་བཅོས་འཐུས་ཚང་དང་དཔེ་སྐྲུན་འགྲེམས་སྤེལ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བྱེད་མགྱོགས་སུ་གཏོང་དགོས། ཡན་ཨན་གྱི་སྙིང་སྟོབས་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་ཡན་ཨན་གྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས(ཁུང་ཧྥན་སེན་གྱི་སྙིང་སྟོབས) ལམ་གཉིས་ཀྱི་སྙིང་སྟོབས་བཅས་གཏིང་ཟབ་ཏུ་བཏང་ནས་འགྲན་སློང་གསར་པ་བསུ་བ་དང་། གནད་དོན་གསར་པ་ཐག་གཅོད། ལས་འགན་གསར་པ་ལེགས་འགྲུབ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས་པའི་བླང་བྱ་བཏོན་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社