分享按钮

ཟླ་8ཚེས་24ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་གནང་བའི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་གྱི་དུམ་བུ་གཉིས་པ་སྟེ་ལྷ་ས་སྐོར་བའི་འགྲན་བསྡུར་འགོ་ཚུགས་པ་དང་། ལུས་རྩལ་པ་150ལྷག་ཙམ་ལྷ་སར་འཛོམས་ནས་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་མྱུར་ཚད་དང་སྤྲོ་སེམས་ངོམ་པ་རེད། ཉིན་དེའི་སྔ་དྲོར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་འགྲམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད། ཆུ་ཚོད་10པའི་ཐོག་ལྟད་མོ་བ་ཚོའི་རེ་སྒུག་ཆེན་པོའི་ཁྲོད་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་དང་། འགྲན་ཞུགས་པ་ཚོ་ལྟོང་ལས་ཤོར་བའི་མདའ་མོ་བཞིན་མདུན་དུ་རྒྱུག་པ་དང་། འགྲན་ལམ་ཐོག་ཕན་ཚུན་རྗེས་སྙེག་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཤིང་།འགྲན་ལམ་གྱི་གཡས་གཡོན་དུ་འགྲན་བསྡུར་ལ་ལྟ་མཁན་མང་ཚོགས་ཀྱིས་ཤུགས་རྒྱོབ་ཅེས་དང་ངར་སྐུལ་གྱི་སྒྲ་རྒྱུན་ཆད་མེད་པར་གྲགས་བཞིན་ཡོད། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་བདེ་བླག་ངང་གཉེར་བ་དང་། 2023ལོར་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་རིམ་པ་2.2གཞུང་ལམ་རྒྱལ་སྤྱིའི་འགྲན་བསྡུར་དུ་དངོས་སུ་ཐོ་འགོད་བྱས་པ་དང་། རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཨེ་ཤེ་ཡའི་འགྲན་བསྡུར་གྱི་ཉིན་རེའི་ལས་རིམ་ནང་བཅུག་ནས། ད་ཆ་རང་ལྗོངས་ཀྱི་གཟུགས་བརྙན་མངོན་པ་དང་། རང་ལྗོངས་ཀྱི་རིག་གནས་ཁྱབ་སྤེལ་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

པར་ངོས་འདིའི་སྟེང་གི་པར་རིས་ཚང་མ་ནི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་གྱི་དུམ་བུ་གཉིས་པ་སྟེ་ལྷ་ས་སྐོར་བའི་འགྲན་བསྡུར་གྱི་ཡུལ་དངོས་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-26 6 6 拉萨日报藏文 c186740.html 1 /enpproperty-->