分享按钮

(པར་ངོས་དང་པོར་མཐུད)ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བ་དེས་དབྱིན་ཇི་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་མཁོ་འདོན་བྱ་ངེས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་འདྲ་མཉམ་གྲོས་མོལ་བྱས་ནས་ཕན་ཚུན་དབར་གྱི་རྒྱུས་ལོན་དང་ཡིད་ཆེས་ཀྱི་ཚད་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དངུལ་རྩ་དང་། ལྗང་མདོག་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་གཉིས་ཕན་མཉམ་རྒྱལ་དེ་ཀྲུང་དབྱིན་འབྲེལ་བའི་ནང་དོན་གཙོ་བོར་འགྱུར་བར་བྱེད་འདོད་ཡོད་ཅེས་གསུངས།

སི་ཐ་མོ་ཡིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་པ་དང་། དབྱིན་ཀྲུང་མཉམ་ལས་འབྲེལ་བ་སྔར་ལས་དམ་ཟབ་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་ཡུན་རིང་གི་ཁེ་ཕན་དང་མཐུན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། སློབ་གསོ། ནུས་རྒྱུ་གཙང་མ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བར་ཕན་ཐོགས་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འབྲེལ་གཏུག་དང་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་ལམ་སྲོལ་རང་བཞིན་གྱི་བརྗེ་རེས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཡུན་རིང་དང་། བརྟན་ལྷིང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་བཅས་ཀྱི་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་རེ་བ་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་དབར་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་འཇོག་འདོད་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཡུན་རིང་པོར་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་བཏང་མེད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས།འབྲེལ་གཏུག་དང་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་་དབྱིན་ཇིའི་བསམ་འདུན་ལ་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དབྱིན་ཇི་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱིན་འབྲེལ་བ་ཡུན་རིང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།

མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 6 6 拉萨日报藏文 c186725.html 1 /enpproperty-->