ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་22ཉིན།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལོ་ངོ་30རིང་རང་ལྗོངས་ཀྱི་བོད་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།
གསར་འགྱུར་མགྲིན་ཚབ་པ་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་། ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་སུང་ལི་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
སུང་ལི་ཆང་གིས་ལོ་ངོ་30ཡི་རིང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྲུང་དབྱང་གཙོ་གཉེར་སྡེ་ཚན་གྱིས་སྔ་རྗེས་སུ་ཁག་བཅུ་ལ་དབྱེ་ནས་ལས་བྱེད་པ་དང་ཤེས་ལྡན་པ་ཁྲི་1.2ཙམ་བོད་དུ་མངགས་གཏོང་བྱས་ཡོད། བོད་སྐྱོར་ལས་དོན་སྤེལ་བ་ནས་ད་བར་མངགས་གཏོང་བྱས་པའི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་ཡོད་ཅིང་། ཁག་དང་པོའི་མི་གྲངས་622ནས་ཁག་བཅུ་པའི་མི་གྲངས་2117བར་རིམ་བཞིན་འཕར་སྣོན་བྱུང་ནས་བརྒྱ་ཆ་341འཕར་ཡོད་པར་མ་ཟད། མངགས་གཏོང་གི་སྲིད་ཇུས་ཀྱང་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། གོང་གི་ཁག་བདུན་ནང་མི་སྒེར་གྱིས་མིང་ཐོ་འགོད་པ་དང་། རྩ་འཛུགས་སྡེ་ཚན་གྱིས་དྲག་གྲས་འདེམས་པ། ཀྲུང་དབྱང་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་དང་མོས་མཐུན་བཅས་ཀྱི་བྱ་ཐབས་སྤྱད་དེ་མངགས་གཏོང་བྱས་པ་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社