分享按钮

ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ།

ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་

གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ།

(པར་ངོས་གསུམ་པར་མཐུད)བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། དུས་དང་རྣམ་པ་ཀུན་ཏུ་ཡིད་གཟབ་བྱེད་པ་དང་། བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་ནུས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་ཡོང་བར་མཐའ་གཅིག་ཏུ་འགན་ལེན་ཏན་ཏིག་བྱེད་དགོས། དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་ནས་དཔལ་འབྱོར་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། དམིགས་ཚད་ལ་ཚད་བརྒལ་ཆེན་པོ་དང་། དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་བར་བྱེད་དགོས། ཕྱོགས་བསྡུས་དཔྱད་ཞིབ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། སུའི་དམིགས་ཚད་ཡིན་ན་སུས་འགན་ལེན་དགོས་པ་དང་། སུའི་ལས་འགན་ཡིན་ན་སུས་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་གིས་རང་ལ་དཔྱད་དཔོག་དང་། ཆད་ལུས་ཞིབ་བཤེར། ཆད་ལུས་ཁ་གསབ་བཅས་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་པར་བྱེད་དགོས། རྣམ་གྲངས་འཆར་འགོད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལེགས་སྒྲུབ་བྱས་ཚུལ་ཕྱོགས་ཡོངས་ནས་རྩིས་བཤེར་བྱས་ཏེ་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དམིགས་ཚད་ལས་འགན་དང་གཙོ་གནད་རྣམ་གྲངས་སྔ་ཙམ་ནས་འཆར་འགོད་བྱས་ནས་འགོ་ཡག་པོ་ཞིག་བཙུགས་པ་དང་གོམ་སྟབས་ཡག་པོ་ཞིག་སྤོས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། བློ་མཐུན་ལི་མིང་ཅན་གྱི་ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་གྱི་གོ་གནས་མེད་པར་བཟོ་རྒྱུའི་གྲོས་ཐག་བཅད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་བརྗེ། ཡིད་ཆེས་བརྟན་དུ་གཏོང་བ། འགག་སྒྲོལ་དཀའ་སེལ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལྟེ་བའི་གྲོང་ཁྱེར་གྱི་ལེགས་སྐྱེས་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-24 6 6 拉萨日报藏文 c186651.html 1 ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ། /enpproperty-->