分享按钮

དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་འགོ་ཁྲིད་སྒྱུར་བཅོས་ཀྱི་བརྒྱུད་རིམ་ ཧྲིལ་པོར་ཁྱབ་པར་བྱེད་དགོས།

རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས།

ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་ཐུབ་མིན་གྱི་འགག་རྩ་ནི་ཏང་ལ་ཐུག་ཡོད་ལ། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ཀྱི་ལག་བསྟར་བསམ་འཆར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ནང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

བརྗིད་ཉམས་ལྡན་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་སྣེ་ཁྲིད་ཀྱི་སྟོབས་ཤུགས་དགོས་ཀྱི་ཡོད། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན་དེ་ཙམ་གྱིས་སྲ་ཞིང་བརྟན་པའི་སྲོག་ཤིང་ཡོད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བའི་རྒྱུ་རྐྱེན་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། སྒྱུར་བཅོས་འདི་ཉིད་འགག་སྒྲོལ་དུས་དང་གཏིང་ཟབ་ཁུལ་དུ་སླེབས་པ་དང་བསྟུན་ནས་སྒྱུར་བཅོས་ཀྱི་དཀའ་ཚད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་སྒྱུར་བཅོས་ཀྱི་ལས་འགན་དེ་བས་ཀྱང་དཀའ་ཚེགས་ཆེ་རུ་ཕྱིན་པས། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགོ་ཁྲིད་དང་བསམ་བློའི་ཁྲིད་སྟོན་མེད་ན་སྒྱུར་བཅོས་ལ་བདེ་བླག་ངང་སྐུལ་འདེད་གཏོང་མི་ཐུབ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-24 བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས། དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་འགོ་ཁྲིད་སྒྱུར་བཅོས་ཀྱི་བརྒྱུད་རིམ་ ཧྲིལ་པོར་ཁྱབ་པར་བྱེད་དགོས། 6 6 拉萨日报藏文 c186642.html 1 རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ། /enpproperty-->