ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་21ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲཊ། དོན་འཁྱོལ་བཅས་བྱེད་པའི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཐོག་མཐའ་བར་གསུམ་དུ་ལྷ་སའི་ལས་དོན་ལ་ཐུགས་ཁུར་དང་ལྷ་སའི་མི་དམངས་ལ་བརྩེ་བ་ཟབ་མོ་སེམས་འཆང་བཞིན་ཡོད། ད་རེས་ཆེད་མངགས་ལྷ་སར་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་ཁེ་ལས་འཕེལ་རྒྱས་ཀྱི་སྐོར་གླེང་བ་དང་གཞི་རིམ་བཅོས་སྐྱོང་ལ་གཟིཊ་པ། དམངས་འཚོ་ལ་བརྟག་ཞིབ་གནང་བ། རྣམ་གྲངས་འཛུགས་སྐྲུན་ལ་ལྟ་སྐུལ་གནང་བར་མ་ཟད། ཆེད་མངགས་ཚོགས་འདུ་འཚོགས་ནས་ལྷ་སའི་ལས་དོན་སྙན་ཞུར་གསན་པ་དང་འབྲེལ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社