ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། གྲོང་སྤྱི་བཅས་ཡིན་པའི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་དུས་རབས་གསར་པའི་ས་ཁོངས་སྒོ་དབྱེའི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོཊ་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བསམ་འཆར་དང་། ཀྲུང་གོ་གུང་ཁྲན་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་སྒྲིག་སྲོལ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱིས་ལག་བསྟར་བྱས་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཕྱི་ཕྱོགས་སྒོ་དབྱེ་ནི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། ལྷ་སའི་ངོས་ནས་བརྗོད་ན། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་ཤུགས་ཆེན་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྔར་བས་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་དགོས་པ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དགོས། ས་ཁོངས་བཀོད་སྒྲིག་ལེགས་སུ་གཏོང་བའི་ནང་དོན་གཏིང་ཟབ་ལ་བསམ་ཤེས་གཏིང་ཟབ་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་དབྱེའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས། ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། ཚོང་གཉེར་ཁོར་ཡུག་ལེཊ་སུ་གཏོང་བའི་ཐད་མུ་མཐུད་ནས་བྱ་ཐབས་དངོས་དང་གསར་གཏོད་བྱ་ཐབས་བཏོན་ནས་ཕྱི་ཕྱོགས་སྒོ་དབྱེའི་གཟུགས་བརྙན་བཟང་པོ་ཞིག་བསྐྲུན་དགོས། གོ་སྐབས་གསར་པར་དམ་འཛིན་བྱེད་དགོས། ལྷ་སར་ཡོད་པ་དང་། ལྷ་སའི་དགོས་མཁོ། ལྷ་སའི་བྱེད་ནུས་བཅས་ལ་གཞི་ཚུགས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་འཇུག་སྒོ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས་ཏེ་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་བར་བྱེད་དགོས།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社