ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་18ཉིན་འབྱོར་བའི་གློག་འཕྲིན། ཚེས་18ཉིན། མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ཐེངས་གཉིས་པའི་ཆུ་མཛོད་སྲུང་སྐྱོང་བྱས་ནས་འཁྱོགས་རོམ་གཅིག་དང་། མཚེའུ་གཉིས། གཙང་པོ་གསུམ་གྱི་འཁྱགས་པ་དང་། མཚེའུ། གཙང་པོ་བཅས་ཀྱི་སའི་གོ་ལའི་མ་ལག་འགྱུར་ལྡོག་གི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ལྷ་སར་དངོས་སུ་སྤེལ་འགོ་ཚུཊ་པ་རེད།
ཐེངས་འདིའི་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་དེ་བུ་རོག་གངས་རིའི་འཁྱཊ་རོམ(འཁྱཊ་རོམ་གཅིག)དང་། སེར་གླིང་མཚོ། གནམ་མཚོ(མཚེའུ་གཉིས)དང་དེ་བཞིན་འབྲི་ཆུའི་ཆུ་འགོ་དང་། རྒྱལ་མོ་རྔུལ་ཆུའི་ཆ་འགོ ཡར་ཀླུང་གཙང་པོའི་ཆུ་འགོ(གཙང་གསུམ)སོཊ་འགག་རྩའི་ས་ཁོངས་ལ་དམིགས་ནས་ལས་འགན་མང་བ་དང་། རིག་ཚན་མང་བ། བྱ་ཐབས་མང་བ་བཅས་ཀྱི་ཐོག་ནས་ཨེ་ཤེ་ཡའི་ཆུ་མཛོད་འགྱུར་ལྡོག་དང་ཤུགས་རྐྱེན་དང་།སྐྱེ་ཁམས་མ་ལག་དང་ཐཱན་འཁོར་རྒྱུག རི་མཐོའི་ཁོར་ཡུག་དང་བདེ་ཐང་། ཐོན་ཁུངས་དང་ནུས་ཁུངས་ཀྱི་ཕུགས་ཀྱི་དམིགས་ཡུལ། གྲུབ་ཚུལ་དང་ཁོར་ཡུག་གི་འགྱུར་ལྡོག འབྱུང་འཕྲོད་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་སའི་གོ་ལའི་མ་ལག་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡུས་ཞིབ་འཇུག་བྱས་པ་རེད།
ཐེངས་འདིའི་ཚན་རིག་ཞིབ་འཇུག་བྱེད་སྒོའི་ནང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社