ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ཁྲེང་ཀོན་ས་མཐོའི་བཞོན་མའི་ཚན་རྩལ་སྒོ་ར་ཆུང་ཆུང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། དེ་ནི་བོད་ཀྱི་བཞོན་མའི་ཚན་རྩལ་སྒོ་ར་ཆུང་ཆུང་ཐོག་མ་དེ་ཡིན་པ་རེད། ངོ་སྤྲོད་བྱས་པར་གཞིཊ་ན། བཞོན་མའི་ཚན་རྩལ་སྒོ་ར་ཆུང་ཆུང་ནི་དཀར་ཆུའི་ལས་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་རྩལ་གསར་གཏོད། སྤྱི་ཚོགས་ལ་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་གསར་གཏོད་བྱེད་སྟངས་ཤིག་རེད།
2023ལོ་ནས་བཟུང་། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ལྷ་ས་གྲོང་ཁྱེར་ཀྲི་ཀྲའོ་བཞོན་མ་གསོ་ཚགས་ལྟེ་གནས་དང་གར་པ་འབྱུང་ཁམས་འབྲོག་རར་བཞོན་མའི་ཐོན་སྐྱེད་ནུས་པར་ཚད་འཇལ་གཏན་འཁེལ་ལས་དོན་སྤེལ་བ་དང་། བཞོན་མ་ར་བའི་སྒེར་དུད་དང་ཕྱུགས་ཁྱུའི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་ཏེ་བཞོན་མའི་གསོ་ཚགས་དོ་དམ་ལ་དུས་ཐོག་ཏུ་ལེགས་སྒྲིག་དང་བཞོན་མའི་ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུཊ་འདོན་སྤེལ་བྱས་ཡོད། 2023ལོའི་ལོ་མཇུག་ཏུ་སློབ་གསོ་པུས་བོད་ལྗོངས་ཁྲེང་ཀོན་ས་མཐོའི་བཞོན་མའི་ཚན་རྩལ་སྒོ་ར་ཆུང་ཆུང་འཛུཊ་རྒྱུའི་ཆོག་མཆན་སྤྲད་པ་དང་། 2024ལོའི་ཟླ་3པར་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་འབུམ་རམས་པ་ཧྥང་ཆན་ཧའེ་སོཊ་ཚན་རྩལ་སྒོ་ར་ཆུང་ཆུང་དེར་བསྡད་ནས་ལས་དོན་སྤེལ་ཡོད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社