分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲཊ་དང་སློབ་སྦྱོང་ནན་ཏན་བྱས་ཤིང་། རང་གྲོང་གི་ལག་ལེན་མཐར་ཕྱིན་བསྟར་བ་དང་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིཊ་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུཊ་མོལ་ཚོཊ་འདུ་ཐེངས་བདུན་པའི་དགོངས་དོན་བསྐྱར་དྲན་གནང་ཞིང་། གྲོང་ཁྱེར་ཡོངས་ཀྱིས་ཁུལ་གསུམ་དང་མཐོ་ས་གཅིག་ཧུར་ཐག་གཏོད་པའི་ལས་དོན་གྱི་འཕེལ་རིམ་སྙན་ཞུར་གསན་པ་དང་། ཕྱིས་འབྱུང་གི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་ཡོད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་པ་གཏིང་ཟབ་ཅིང་རྒྱ་ཆེ་བ་དང་། གཟིཊ་རྒྱང་རིང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས་ང་ཚོས་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བརྩི་སྲུང་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ཏེ། ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཏན་ཏིག་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་དང་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། དམིགས་བསལ་གྱི་ནུས་ཤུགས་དང་དམིགས་བསལ་གྱི་བྱས་རྗེས་བཞག་ནས་འགན་འཁྲི་དང་། དམིགས་ཚད། དངོས་སྒྲུབ། སྤྱོད་ཚུལ་བཅས་ལ་འབད་བརྩོན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་དམ་འཛིན་བྱས་ནས། ཁྱབ་ཁོངས་ཡོངས་ལ་ཚད་མཐོའི་མཐོང་ཆེན་དང་། དུས་མཚམས་ཡོངས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ། ཁྱོན་ཡོངས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར། རྒྱུ་རྐྱེན་ཡོངས་ཀྱི་འཕྲལ་སྡོམ་དང་ལེན་བྱེད་པ། ཕྱོགས་ཡོངས་ནས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཊ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། 6 6 拉萨日报藏文 c186264.html 1 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ། /enpproperty-->