ཟླ་8ཚེས་10ཉིན་གྱི་སྔ་དྲོར།ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་ཞིབ་ཚགས་ཚད་འཇལ་ཚན་རིག་དང་ལག་རྩལ་གསར་གཏོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་ཡོན་ཀྲང་གཞོན་པ་ཉི་སི་ཏའོ་དང་།ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས།ཆེད་ལས་མཁས་པ་དང་དགེ་རྒན་ཆེ་མོ་བ།ལས་རིགས་ཀྱི་འཐུས་མི།དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་བཅས་ལྷ་སར་འཛོམས་ནས་གྲོང་ཁྱེར་དང་ཤེས་ལྡན་པ་དར་རྒྱས་གཏོང་བའི་ཆིངས་ཡིག་བཞག་སྟེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་གླེང་བ་དང་། ཕུགས་འདུན་མཉམ་དུ་གཏོད་པ།མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་སྐྲུན་པ་བཅས་བྱས་པ་རེད། པར་ངོས་འདིའི་པར་རིས་ཚང་མ་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ་ཡིན།