分享按钮

མཁས་འདུས་ལྷ་སས་འབྱུང་འགྱུར་མཉམ་དུ་གཏོད།

(པར་ངོས་གཉིས་པར་མཐུད)འདས་ཟིན་པའི་ལོ་8ཀྱི་དུས་ཚོད་ནང་།ངས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཤེས་ལྡན་པའི་ལས་དོན་ལ་མཐོང་ཆེན་དང་གཅེས་འཛིན་བྱེད་པ་དང་། ལྷག་པར་དུ་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་སོགས་ཀྱི་ཐད་ཐབས་ཤེས་གང་ཡོད་བཏོན་པར་མྱོང་ཚོར་ཟབ་མོ་བྱུང་ལ་རྩ་འཛུགས་ཀྱི་དྲོ་སྐྱིད་ཀྱང་ཚོར་བྱུང་། སྐྱིད་པའི་ལྷ་ས་འདི་ཉིད་ངའི་ཕ་ཡུལ་གཉིས་པ་ཡིན་ཞེས་བཤད།

བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་ནི་ཤེས་ལྡན་པར་བརྟེན་དགོས། ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཨུད་ཀྱིས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཁྲོམ་ར་ཅན་གྱི་གསར་གཏོད་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་དགོས་མཁོར་དམིགས་ཏེ།ཤེས་ལྡན་པར་བརྟེན་ནས་གྲོང་ཁྱེར་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ། སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་བ། ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱས་པ། ཤེས་ལྡན་པ་ནང་འདྲེན་གྱི་རྣམ་གྲངས་ལག་བསྟར་བྱས་པ། ཤེས་ལྡན་པ་བེད་སྤྱོད་ཀྱི་ཁྲིད་སྟོན་བརྟན་དུ་བཏང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་བརྒྱབ་ནས་ཤེས་ལྡན་པ་ལྷ་སར་གཞིས་ཆགས་པའི་གར་སྟེགས་སྔར་བས་རྒྱ་ཆེ་བ་དང་བློ་སྟོབས་སྔར་བས་ཆེ་བ་ཡོང་བར་བྱས་ཡོད།

ཝང་ལུང་ཁྲང་གིས་ད་ཐེངས་ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོ་སྤེལ་དོན་ནི་རྒྱ་ཆེའི་ཤེས་ལྡན་པར་ང་ཚོའི་སྲིད་ཇུས་དྲིལ་བསྒྲགས་བྱ་ཆེད་ཡིན།གཅིག་ནས་མི་སྒེར་ལ་ཁ་གསབ་སྤྲོད་པའི་ཐད། ནང་འདྲེན་དང་དེ་བཞིན་སྟབས་བསྟུན་ནང་འདྲེན་སོགས་བྱས་པའི་ཤེས་ལྡན་པ་རབ་དང་རིམ་པར་ཆ་རྐྱེན་མི་འདྲ་བ་བརྒྱུད་ཤེས་ལྡན་པའི་ཁ་གསབ་སྒོར་ཁྲི་4ནས་ཁྲི་200བར་སྤྲོད་ཀྱི་ཡོད། གཉིས་ནས་ང་ཚོས་ཤེས་ལྡན་པར་ཚན་རིག་ཞིབ་འཇུག་གི་ཁ་གསབ་རོགས་དངུལ་སྔར་བས་མང་དུ་བཏང་ནས་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་འཛུགས་པ་དང་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་སོགས་ཀྱི་རྣམ་པ་རབ་དང་རིམ་པ་བརྒྱུད།ཚན་རིག་ཞིབ་འཇུག་གི་ཤེས་ལྡན་པས་ལྷ་སར་བྱ་གཞག་གསར་གཏོད་བྱེད་པར་འདེགས་སྐྱོར་གྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན། གསུམ་ནས་ང་ཚོས་སྐུལ་སློང་འཆར་གཞི་ལག་བསྟར་བྱས་ཏེ།ཚན་པ་ཁག་གིས་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་རྒྱུ་དང་།ནང་འདྲེན་བྱས་པའི་མཐོ་རིམ་ཤེས་ལྡན་པ་ཆ་རྐྱེན་ངེས་ཅན་ཞིག་གམ་ཡང་ན་གྲངས་འབོར་ངེས་ཅན་ཞིག་ལ་སླེབས་ཚེ་དེ་མཚུངས་ཀྱི་ནང་འདྲེན་ཚན་པར་ཁ་གསབ་ངེས་ཅན་ཞིག་སྤྲོད་རྒྱུ་ཡིན། བཞི་ནས་ང་ཚོས་ཤེས་ལྡན་པར་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་།སྡོད་ཁང་དང་། སློབ་གསོ། སྨན་བཅོས། ཁྱིམ་གཞིས་འཛུགས་པ་སོགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

འབྱུང་འགྱུར་ལྷ་སའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཐད་ཁེ་ལས་མཁས་ཅན་ཚོར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད།

ལྷ་ས་ཁང་ཏ་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་དང་ཆིང་ཧྭ་སློབ་ཆེན་བོད་ཀྱི་སློབ་གྲོགས་ཚོགས་པའི་ཚོགས་གཙོ་ཧྥེང་མིན་གྱིས་བོད་ནི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་ཁྲོམ་ར་ཞིག་རེད། ཉེ་བའི་ལོ་10ཡི་རིང་བོད་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཁྲོམ་རའི་བར་མཐོངས་རྒྱ་ཆེན་པོ་ལྡན་ཡོད། ང་ཚོར་བོད་ཀྱི་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་ལོངས་སུ་སྤྱོད་ཐུབ་པ་བྱུང་།ཕྱོགས་བཞི་མཚམས་བརྒྱད་ཀྱི་ཤེས་ལྡན་པ་རྣམས་བོད་དུ་ཡོང་ནས་བྱ་གཞག་གསར་གཏོད་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཆོག་ཅེས་བཤད།

ཤེས་ལྡན་པའི་གཟའ་འཁོར་བྱེད་སྒོ་སྤེལ་རིང་།རང་གྲོང་གིས་ཤེས་ལྡན་པ་གསོ་སྐྱོང་དང་། ཤེས་ལྡན་པ་ནང་འདྲེན། ཤེས་ལྡན་པ་བེད་སྤྱོད། ཤེས་ལྡན་་པ་གཞིས་ཆཊ་པ་བཅས་ཕྱོགས་བཞི་ཐད་ནས་ལྷ་སའི་མཐོ་གསར་ཁུལ་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ།རིག་གནས་བློ་གསར་གླིང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། སྙེ་མོ་རྫོང་བཅས་སུ་གཙོ་དོན་གཏམ་བཤད་དང་། གྲུབ་འབྲས་འགྲེམས་སྟོན། རིགས་གཅིག་མཁས་ཅན་གྱིས་དོགས་གཞིར་ལན་འདེབས་པ། ཤེས་ལྡན་པ་ཕན་ཚུན་གྲོགས་པོ་སྒྲིག་པ། ཤེས་ལྡན་པའི་རོལ་དབྱངས་དུས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། བྱེད་སྒོ་མང་པོ་ཞིག་དུས་ཚོད་དང་། བར་མཐོངས། ནང་དོན་བཅས་ཕྱོཊ་གསུམ་གྱི་ཐད་ནས་ཟུང་འབྲེལ་དམ་ཟབ་དང་ཕན་ཚུན་རམ་འདེཊ་བྱས་ཏེ་སྲིད་གཞུང་དང་།མཐོ་སློབ།ཁེ་ལས། ཤེས་ལྡན་པ་བཅས་དབར་ཕན་ཚུན་སྤེལ་རེས་བྱེད་པའི་སྦྲེལ་ཟམ་གྱི་ནུས་པ་ཐོན་པར་བྱས་ནས་མཁས་པར་བརྩི་བཀུར་དང་ཤེས་ལྡན་པར་མཐོང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དང་།ཕུན་སུམ་ཚོགས་པའི་ནང་དོན་ཐོག་ནས་ལྷ་སས་མཁས་པ་དང་ཤེས་ལྡན་པར་བརྩི་བཀུར་བྱེད་པའི་ལྷག་བསམ་རྣམ་དག་གི་བསམ་བློ་མཚོན་པར་བྱས་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 6 6 拉萨日报藏文 c187441.html 1 མཁས་འདུས་ལྷ་སས་འབྱུང་འགྱུར་མཉམ་དུ་གཏོད། /enpproperty-->