分享按钮

ཀྲུང་དབྱང་གླུ་གར་ཁང་གི་ལྷ་སའི་འཚམས་འདྲིའི་འཁྲབ་སྟོན་བདེ་བླག་ངང་མཇུག་འགྲིལ་བ།

ཟླ་8ཚེས་7ནས་ཚེས་8ཉིན་བར། ཀྲུང་དབྱང་གླུ་གར་ཁང་གིས་ལྷ་ས་གྲོང་ཁྱེར་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་འཚམས་འདྲིའི་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་།པར་འདི་ནི་འཁྲབ་སྟོན་བྱ་ཡུལ་གྱི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ནས་ཚེས་8ཉིན་བར། ཀྲུང་དབྱང་གླུ་གར་ཁང་གིས་ལྷ་ས་གྲོང་ཁྱེར་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་འཚམས་འདྲིའི་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།

ཚེས་7ཉིན་གྱི་སྔ་དྲོར། ཀྲུང་དབྱང་གླུ་གར་ཁང་གི་སྒྱུ་རྩལ་མཁས་ཅན་གྱིས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(གཏམ་བརྗོད་ཟློས་གར་ཚོགས་པ)ནང་སྦྱོང་ཚོམས་ཆེན་དུ་བོད་ལྗོངས་ཇོ་རིའི་ན་གཞོན་མཉམ་གཞས་ཚོགས་པའི་ཁོངས་མི་ཆུང་ཆུང་དང་མཉམ་དུ“ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་སྒྱུ་རྩལ་མཁས་ཅན་གྱི་སློབ་ཚན་འཚོཊ་ཤིང་།སྒྱུ་རྩལ་མཁས་ཅན་ཚོས་ཆེད་ལས་ཀྱི་གླུ་དབྱངས་ཐབས་རྩལ་དང་གར་སྟེགས་མཚོན་ཚུལ་ཤེས་བྱ་སློབ་ཁྲིད་བྱས་པར་མ་ཟད། ད་དུང་ཕྲུ་གུ་ཚོར་དཔེ་སྟོན་འཁྲབ་སྟོན་བྱས་པས་ཕྲུ་གུ་ཚོས་རོལ་དབྱངས་ལ་བཅངས་པའི་དགའ་ཞེན་དང་སྤྲོ་སྣང་འཕེལ་ཐུབ་པ་བྱུང་ཡོད། བོད་ལྗོངས་ཇོ་རིའི་ན་གཞོན་མཉམ་གཞས་ཚོགས་པའི་ཁོངས་མི་ཆུང་ཆུང་བསྟན་འཛིན་ཆུང་བདག་གིས་སེམས་འགུལ་ཐེབས་པའི་ངང་ནས་ད་ཐེངས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་སློབ་ཚན་གྱིས་ང་ལ་ཕན་པ་མང་པོ་ཐོབ་བྱུང་།དགེ་རྒན་ཚོས་ང་ཚོར་གླུ་ལེན་སྐབས་ཀྱི་དབུགས་འབྱིན་རྔུབ་རྩལ་བསླབས་པར་མ་ཟད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186052.html 1 ཀྲུང་དབྱང་གླུ་གར་ཁང་གི་ལྷ་སའི་འཚམས་འདྲིའི་འཁྲབ་སྟོན་བདེ་བླག་ངང་མཇུག་འགྲིལ་བ། /enpproperty-->