分享按钮

ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་ཆེན་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་8ཉིན། ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་ཆེན་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།ལས་དོན་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ།ཉམས་མྱོང་སྤེལ་རེས་བཅས་བྱས་ནས་དུས་མཚམས་རྗེས་མའི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་བཀའ་མངགས་ལྟར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན།མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐབས་སུ།གྲོང་ཁྱེར་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་ཆེན་འཚོག་རྒྱུའི་གཏན་འབེབས་བྱས་པ་ནི་དུས་ཚོད་དང་མཐུན་པ་དང་ཧ་ཅང་འཚོག་དགོས་ངེས་ཤིག་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན།ཉེ་བའི་ལོ་ཤས་རིང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་གཞུང་ཁོངས་ཁེ་ལས་ཀྱི་གཞི་ཁྱོན་ཉིན་བཞིན་ཆེ་རུ་འགྲོ་བ་དང་།སྒྱུར་བཅོས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བ།ལྟ་སྐུལ་དོ་དམ་ལ་ཉིན་བཞིན་ཤུགས་སྣོན་རྒྱག་པ།ཏང་འཛུགས་སྐྱོང་ཉིན་བཞིན་འཐུས་ཚང་དུ་འགྲོ་བ་བཅས་ཀྱི་འཕེལ་རྒྱས་རྣམ་པ་མངོན་ཡོད།ལྷ་སའི་འཛུགས་སྐྲུན་འཕེལ་རྒྱས་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་འཛུགས་སྐྲུན་མཁན་དང་།ཐེ་ཞུགས་བྱེད་མཁན།སྐུལ་འདེད་བྱེད་མཁན།ལེགས་སྐྱེས་འབུལ་མཁན་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།གྲོང་ཁྱེར་ཡོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱིས་སྔར་བས་བསམ་བློ་གཅིག་གྱུར་དང་།ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ།ཡིད་ཆེས་བརྟན་དུ་གཏོང་བ།གནས་བབ་དང་བསྟུན་ནས་མདུན་སྐྱོད་བཅས་བྱས་ཏེ།གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཆེད་ལས་ཅན་དང་།ཁྲོམ་ར་ཅན།ཚད་ལྡན་ཅན།ལམ་ལུགས་ཅན་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ལམ་སྲོལ་ཚད་ལྡན་བཟོ་དགོས་ཤིང་།གཞུང་ཁོངས་ཁེ་ལས་ཀྱི་བྱ་དགའ་ཆད་གཅོད་ཀྱི་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཇུག་འབྲས་ལ་དཔྱད་ཞིབ་དང་བརྒྱུད་རིམ་ལ་གདེང་འཇོག་བྱ་རྒྱུ་ཟུང་འབྲེལ་ནུས་ལྡན་བྱེད་དགོས།འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་ཚད་ལྡན་དུ་གཏོང་དགོས་ཤིང་། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་དང་ལས་རིགས་གཙོ་བོར་དམིགས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་དགོས་ཤིང་། རྣམ་གྲངས་འོས་སྐུལ་འོས་དཔོད་དང་།ཇུས་འགོད།ཨར་ལས་ཞིབ་བཤེར་རྩིས་ལེན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་།ལྷུ་ཚིགས་ཁག་ཚད་ལྡན་ནན་པོ། ཁྲིམས་དང་གཏན་འབེབས་གཞིར་བཟུང་བ་བཅས་བྱེད་དགོས།བུ་ལོན་གཙང་བཤེར་ཚད་ལྡན་བཟོ་དགོས་ཤིང་།བུན་དབང་ཤོར་བར་སྔོན་འགོག་དང་བུན་དབང་གི་ཉེན་ཁ་སེལ་ཏེ་གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་རིན་ཐང་འཕར་བར་འགན་ལེན་ཏན་ཏིག་བྱེད་དགོས།ནང་ཁུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་དགོས་ཤིང་།མི་འདེམས་པ་དང་མི་སྤྱོད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།རླངས་འཁོར་དང་དངུལ་སྤྱོད་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་ཁང་བདག་ཁོངས་དང་ས་ཆ་སོགས་བེད་མེད་རྒྱུ་ནོར་བེད་སྤྱོད་གང་ཐུབ་བྱེད་དགོས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཚུལ་ལེགས་སུ་བཏང་སྟེ།གཞུང་ཁོངས་ཁེ་ལས་འཕེལ་རྒྱས་གཏོང་བར་ཤེས་ལྡན་པའི་འགན་སྲུང་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186038.html 1 ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་ཆེན་འཚོགས་པ། /enpproperty-->